འདི་ལྟར་བྱས་ན་ཕོ་བའི་སྐྲན་ནད་སྔོན་འགོག་ཐུབ།

ཡོང་ཁུངས། མི་དམངས་དྲ་བ།

གཅིག དུས་ཚད། ཕོ་བར་“ཆོས་ཉིད་ཅན་གྱི་ལས་འགན་སྒྲུབ་པའི་ལས་ཀའི་རེའུ་མིག་”བཟོ་དགོས།

  • ཞོགས་ཟས། དེ་ནི་ཕོ་བ་དང་རྒྱུ་མའི་བྱེད་ལས་འགོ་འཛུགས་པའི་ལྡེ་མིག་ལྟ་བུ་ཡིན་པས་སྣང་མེད་དུ་གཏན་ནས་འཇོག་མི་རུང་། 

  • གུང་ཟས། སིལ་ཟས་སོགས་ཀྱིས་ཚབ་མི་བྱེད་པར་དུས་ལྟར་ཟས་ཟ་དགོས།

  • དགོང་ཟས། ཡག་ཤོས་བྱུང་ན་གཉིད་མ་ཉལ་གོང་གི་ཆུ་ཚོད་གསུམ་གྱི་ཡར་སྔོན་ལ་ཟས་ཟ་དགོས། 

གཉིས། སྤུས་ཀ  ཕོ་བར་“ཞི་འཇམ་དང་འཚོ་བཅུད་”མཁོ་འདོན་བྱེད་དགོས། 

ཟས་རིགས་འདི་ཚོ་དང་རིང་དུ་འབྲལ་དགོས་པ་སྟེ། ཁ་ཚ་དྲགས་པ་དང་། འཁྱགས་དྲགས་པ། བསྙལ་ཟས། བསྲེགས་ཟས་ཀྱི་རིགས། 

ཕོ་བར་“སྐྱིད་སྣང་དོད་པའི་”ཟས་རིགས་མང་ཙམ་ཟ་དགོས་པ་སྟེ། དྲོན་མོ་དང་འཇམ་པོ་འཇུ་སླ་བའི་ཟས་རིགས་བསྟེན་དགོས། ཞོགས་པར་ཟས་རིགས་དྲོན་མོ་ཟ་དགོས། ཁོག་སྟོང་ལ་ཚིག་ཇའི་ཕོག་ཐུག་མ་བཏང་ན་ལེགས།

གསུམ། གྲངས་ཚད། ཕོ་བར་“ཐལ་དྲགས་པའི་ཁུར་པོ་”འཁུར་དུ་འཇུག་མི་རུང་།

ཟས་ཟ་ཚད་བཅུ་ཆ་བདུན་ཙམ་ནི་ཚད་ཡག་ཤོས་དེ་ཡིན་ཞིང་། ཟས་ཟ་ཐལ་ཆེ་ན་ཕོ་བའི་ཐེག་ཚད་ལས་བརྒལ་འགྲོ། སྔོན་ལ་བདེ་ཐང་གི་ཟ་མ་ཉུང་ཙམ་གྲ་སྒྲིག་བྱས་ནས་ལྟོགས་དྲགས་ནས་ཧམ་ཟ་མི་ཡོང་བ་བྱེད་དགོས། ཟས་ཞིབ་མོར་བལྡད་ནས་དལ་བུར་ཟ་དགོས་ཤིང་། དེ་འདྲ་བྱས་ན་ཕོ་བའི་“དུས་མཇུག་གི་ལས་སྣོན་”གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།