བསམ་མེད་བུ་ཡིས་ཐད་གཏོང་ནང་བསྐུར་པའི་ལེགས་སྐྱེས་ཕྱིར་ལེན་ཐུབ་བམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

གྱོད་དཔེ།

དྲ་རྒྱའི་དུས་རབས་སུ་འཚོ་བའི་མི་གང་མང་ཞིག་ནམ་རྒྱུན་ཁོམ་པ་ཅུང་ཙམ་རེ་བྱུང་དུས་ཁ་པར་རྩེད་རྒྱུར་དགའ་ཞིང་། མགྱོགས་འཕྲིན་དང་འཁྱུག་དབྱིངས། ཐད་གཏོང་སོགས་ལ་མགོ་འཁོར་ཏེ་བསྡད་ཡོད། ངན་ལང་གཅེས་ལང་དུ་བཏང་ཡོད་པའི་བྱིས་པ་དག་ནི་ལྷག་པར་ཁ་པར་རྩེད་རྒྱུར་གོམས་ཡོད། ལོ13ལ་བུད་མ་ཐག་པའི་བུ་ཆུང་དོན་གྲུབ་ཀྱིས་རང་གི་ཨ་མས་དྲ་ཐོག་ནས་དངོས་པོ་ཉོ་སྐབས་དངུལ་སྤྲོད་གསང་གྲངས་གནོན་བཞིན་པ་མཐོང་བས། ཉིན་ཞིག་ཨ་མའི་ཁ་པར་ལས་ཐད་གཏོང་ལ་ལྟ་ཞོར་དུ་ལེགས་སྐྱེས་སྒོར་ཁྲི8ཐད་གཏོང་མཁན་ལ་བསྐུར་ཟིན། ཕྱིས་སུ་དོན་དག་དེ་ཨ་མས་ཤེས་ནས་ལེགས་སྐྱེས་སུ་བསྐུར་ཟིན་པའི་སྒོར་མོ་དེ་ཇི་ལྟར་ཕྱིར་ལེན་པར་སེམས་ཚེགས་ཀྱིས་མནར། གྱོད་དོན་དབྱེ་ཞིབ།

ཐད་གཏོང་མཁན་ལ་ལེགས་སྐྱེས་སུ་བསྐུར་ཟིན་པའི་སྒོར་མོ་དེ་ཕྱིར་ལེན་ན་བཅའ་ཁྲིམས་གཞིར་འཛིན་དགོས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིདམངས་དོན་ཁྲིམས་གཞུངགི་དོན་ཚན19པའི་ནང་དུ“ལོ་ན8ཡན་གྱི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་ཡོད་པའི་མི་ཡིན་ལ།དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་ཏུ་བསྟར་ཚེ། ནར་མ་སོན་པའི་མི་དེའི་ཁྲིམས་བཀོད་ལས་ཚབ་པས་ཚབ་བྱེད་པའམ་ཡང་ན་ཁྲིམས་བཀོད་ལས་ཚབ་པ་འཐད་པ་འབྱུང་དགོས། ཡིན་ནའང་རང་གི་ཁེ་ཕན་ཁོ་ན་བསམས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་། དེའི་ལོ་ཚོད་དམ་བློ་རིག་དང་འཚམ་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་རང་རྐྱ་འཕེར་བའི་ངང་ལག་བསྟར་བྱས་ཆོག”པ་གཏན་འབེབས་བྱས་ཡོད་ལ། དོན་ཚན145པའི་ནང་དུ“དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་ཡོད་པའི་མི་ཡིས་ལག་བསྟར་བྱས་པའི་ཁེ་ཕན་ཁོ་ན་བསམས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་། དེའི་ལོ་ཚོད་དམ་བློ་རིག་དང་འཚམ་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ནུས་ལྡན་ཡིན་ལ། ལག་ཏུ་བསྟར་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་གཞན་དག་ཀྱང་ཁྲིམས་བཀོད་ལས་ཚབ་པའི་མོས་མཐུན་བརྒྱུད་རྗེས་ནུས་ལྡན་ཡིན”པ་གཏན་འབེབས་བྱས་ཡོད།

ཐད་གཏོང་མཁན་གྱིས་ཁྲིམས་བཀོད་ལས་ཚབ་པར་བརྡ་སྦྱོར་འབྱོར་ཉིན་ནས་བཟུང་ཉིན30ནང་ཚུན་དུ་ཁས་ལེན་བྱེད་དགོས་པའི་ལས་སྒྲུབ་སྐུལ་འདེད་བྱས་ཆོག་ལ། ཁྲིམས་བཀོད་ལས་ཚབ་པས་དོན་དག་དེར་ཁ་ཡ་མ་བྱས་ན་ཁས་ལེན་མ་བྱས་པར་ངོས་བཟུང་ཆོག དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་ཁས་ལེན་མ་བྱས་གོང་དུ་ཐད་གཏོང་མཁན་ལ་ཕྱིར་འཐེན་བྱེད་པའི་དབང་ཆ་ཡོད་དེ། ཕྱིར་འཐེན་ནི་བརྡ་སྦྱོར་གྱི་ཚུལ་དུ་བྲིས་ཆོག་གོ །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།