འབྲེལ་ཡོད་བཅའ་ཁྲིམས་ལས། མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་གྱོད་དོན་འདྲི་གཅོད་བྱེད་སྐབས། ཡོངས་བསྒྲགས་སྒོས་འདྲི་གཅོད་བྱ་དགོས། འོན་ཀྱང་རྒྱལ་ཁབ་ཀྱི་གསང་བའམ་སྒེར་གྱི་གསང་དོན་དང་འབྲེལ་བའི་གྱོད་དོན་ཡོངས་བསྒྲགས་སྒོས་ཞིབ་གཅོད་མི་བྱེད། ཚོང་ལས་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་གྱོད་དོན་རྣམས་དོ་བདག་པས་ཡོངས་བསྒྲགས་སྒོས་ཞིབ་གཅོད་མི་བྱེད་པའི་རེ་བ་བཏོན་ན། ཡོངས་བསྒྲགས་སྒོས་ཞིབ་གཅོད་མ་བྱས་ནའང་ཆོག ཡོངས་བསྒྲགས་སྒོས་ཞིབ་གཅོད་མི་བྱེད་པའི་གྱོད་དོན་རྣམས་ཁྲིམས་ར་རུ་ཡོངས་བསྒྲགས་སྒོས་ཞིབ་གཅོད་མི་བྱེད་པའི་རྒྱུ་མཚན་ཁྱབ་བསྒྲགས་བྱ་དགོས།