མི་མང་པོ་ཞིག་གི་བསམ་པར་སྤྱི་དམངས་ནི་ལོ18སོན་པའི་མི་དར་མར་གོ་བ་དང་།ད་དུང་མི་ལ་ལ་ཞིག་གིས་ཁྲིམས་འགལ་ཉེས་ཅན་ནམ་ཉེས་པ་བསགས་རྗེས་ཆབ་སྲིད་ཀྱི་ཁེ་དབང་བླངས་པའི་མི་ནི་སྤྱི་དམངས་མིན་པར་འདོད།དེ་དག་ནི་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་རེད།
རང་རྒྱལ་གྱི་རྩ་ཁྲིམས་ལས་གཏན་འཁེལ་གསལ་པོར་བྱས་པ་ལྟར་ན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཀྱི་མི་ཡིན་ཕྱིན་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན།རང་རྒྱལ་གྱི་སྤྱི་དམངས་ནི་རང་རྒྱལ་སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་ལ་བསྟན་ཞིང་།དེར་ནར་སོན་པའི་མི་དང་ནར་མ་སོན་པའི་མི།བྱིས་པ་བཅས་འདུས་ལ།ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་དང་ཁྲིམས་འགལ་ཉེས་གསོག་ཅན་ཡང་འདུས།ཀྲུང་གོའི་རྒྱལ་ཁོངས་ཅན་ཡིན་ཕྱིན་ལོ་ཚོད་དང་།ཕོ་མོ།སྐྱེ་ཁུངས།ལས་རིགས།མི་རིགས།མི་རྒྱུད།སློབ་གསོའི་ཚད་རིམ།དཔལ་འབྱོར་གནས་ཚུལ་སོགས་ག་འདྲ་ཡིན་ཡང་།ཚང་མ་ཀྲུང་གོའི་སྤྱི་དམངས་ཡིན།