ཚོགས་གཙོ་ཡིས་ཚོགས་པའི་དོ་དམ་གྱི་འགན་ཁུར་དགོས་སམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《དྲ་སྦྲེལ་ཚོ་ཆུང་གི་ཆ་འཕྲིན་ཞབས་ཕྱིའི་དོ་དམ་གཏན་འཁེལ》གྱི་དོན་ཚན9པའི་གཏན་འཁེལ་ལྟར་ན། དྲ་སྦྲེལ་ཚོགས་པ་འཛུགས་མཁན་དང་དོ་དམ་པས་ཚོགས་པ་དང་ཚོ་ཆུང་གི་དོ་དམ་འགན་འཁྲི་ལག་བསྟར་བྱ་དགོས་ཤིང་། བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་སྤྱོད་མཁན་གྱི་གྲོས་མཐུན། ལས་སྟེགས་ཀྱི་སྤྱི་ཆིངས་བཅས་གཞིར་བཟུང་ནས་ཚོགས་པ་དང་ཚོ་ཆུང་གི་དྲ་བའི་བྱ་སྤྱོད་དང་ཆ་འཕྲིན་ཁྱབ་བསྒྲགས་ཚད་ལྡན་དུ་བཏང་སྟེ། ཡ་རབས་ཚུལ་ལྡན་དང་གོ་རིམ་ལྡན་པའི་དྲ་བའི་ཚོགས་པའི་ཁོར་ཡུག་བསྐྲུན་དགོས་ཞེས་བཀོད་ཡོད།

སུ་ཞིག་གིས་ཚོགས་པ་བཙུགས་ན་དེས་འགན་འཁུར་དགོས་པ་དང་སུས་དོ་དམ་བྱས་ན་དེས་འགན་འཁུར་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།