《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1165པའི་གཏན་འཁེལ་ལྟར་ན། བྱ་སྤྱོད་སྤེལ་མཁན་གྱིས་སྐྱེ་བོ་གཞན་གྱི་དམངས་དོན་ཁེ་དབང་ལ་གནོད་འཚེ་བཏང་སྟེ་གནོད་སྐྱོན་བཟོས་ན། དབང་གནོད་ཁག་འགན་འཁུར་དགོས། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་བྱ་སྤྱོད་སྤེལ་མཁན་ལ་ནོར་འཁྲུལ་ཡོད་པ་རིགས་འདེད་བྱས་ཀྱང་རང་ཉིད་ལ་ནོར་འཁྲུལ་མེད་པ་ར་སྤྲོད་བྱེད་མི་ཐུབ་ན། དབང་གནོད་ཁག་འགན་འཁུར་དགོས།
མི་གཞན་ལ་བཙན་ཤེད་ཀྱིས་ཆང་འཐུང་དུ་འཇུག་པ་དང་བསམ་བཞིན་དུ་ཆང་བླུགས་པ། སྐད་ཆས་མི་གཞན་ལ་ཆང་འཐུང་དུ་འཇུག་པ་བཅས་དང་། མི་གཞན་གྱིས་ཆང་འཐུང་མི་རུང་བ་ཤེས་བཞིན་དུ་སྔར་བཞིན་ཆང་འཐུང་བར་སྐུལ་བ་བྱས་པའི་རིགས་དག་དབང་གནོད་དུ་འགྱུར་སྲིད་དོ། །