མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས20ཉིན་གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཤོག་ཚད་ཡོད་ཀུང་སིར་རྒྱུས་ལོན་པ་ལྟར་ན། “མཚར་སྡུག་གི་མཚོ་ནུབ·འཆར་ཡན་གྱི་གཏེར་ལེན་ཁ”ཞེས་པའི་ཡུལ་སྐོར་མེ་འཁོར་ཟི་ལིང་ནུབ་ཚིགས་ནས་ལམ་དུ་ཆས་པ་དང་བསྟུན་ནས་ཀུང་སི་དེས་ཚྭ་ཁའི་མཚན་ལྗོངས་ལ་གཟིགས་པར་ཆེད་དམིགས་ཡུལ་སྐོར་མེ་འཁོར་ཐོག་མ་ཤར་གཏོང་བྱས་ཤིང་། དེས་ཚྭ་ཁའི་ཚྭ་མཚོའི་མཚན་མོར“ལྕགས་ལམ་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”གྱི་ཞབས་ཞུ་མེད་པའི་སྟོང་ཆ་བསྐངས།
ཤེས་གསལ་ལྟར་ན། ཐེངས་འདིའི་ཐོག་མར་བཏང་བའི་མེ་འཁོར་དུ་མཚོ་སྐྱོར་བློ་མཐུན་རྒན་པ300ལྷག་བསྡད་ཡོད་ཅིང་། ཁོང་ཚོས“ཡང་བསྐྱར་གོམ་ཁ་གངས་ལྗོངས་མཐོ་སྒང་དུ་བསྒྱུར་ཏེ། ལང་ཚོ་བརྩོན་འགྲུས་ལ་གཏིམས་པའི་ལོ་ཟླར་ཕྱིར་དྲན”བྱེད་པའི་འགྲུལ་བཞུད་ཐེངས་ཤིག་བྱས་ལ། འགྲུལ་བཞུད་ཀྱི་ཁྲོད་ནས་ཆེས་ཡིད་དུ་འོང་བ་ནི་ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་གྱི་མཚན་ལྗོངས་རེད།
ཡུལ་སྐོར་རྣམས་ཀྱིས་ལྗོངས་ཁུལ་དེའི་མཚན་ལྗོངས་ལ་ཉམས་སུ་མྱོང་ཐུབ་ཆེད། མེ་འཁོར་དེ“ཉིན་གོང་ཤར་གཏོང་དང་ས་སྲོད་ལ་ལྗོངས་ཁུལ་དུ་འབྱོར”ཐུབ་པ་བྱས་ཡོད་པས། ཚྭ་ཁའི་ཚྭ་མཚོ་ཡི་མཚན་ལྗོངས་ལ་གཟིགས་ཐུབ་པ་ཕུད་ད་དུང་ཡུལ་སྐོར་བ་རྣམས་ཀྱིས་སྙན་ངག་པ་གྲགས་ཅན་ཧའེ་ཙིའི་སྙན་ངག་ཁང་དང་། ཚྭ་འདམ་ཆེ་བ་ལ་སོགས་ཞིང་ཆེན་གྱི་མཚོན་བྱེད་དུ་གྱུར་བའི་ལྗོངས་ཁུལ་མང་པོར་ཉམས་སུ་མྱོང་ཐུབ་པ་སོགས་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་རྫོང་མཐུག་པའི་ཡུལ་སྐོར་ལམ་ཐིག་མཆོག་ཏུ་གྱུར་བ་ཞིག་གྲུབ་ཡོད་དོ། །