ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་སྨན་བཅོས་འཕྲོད་བསྟེན་གྱི་ལས་དོན་སྐོར་ལ་གཏན་འཁེལ་ག་འདྲ་གནང་ཡོད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

རྒྱལ་ཁབ་ཀྱིས་སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་གོང་དུ་སྤེལ་བ་དང་། དེང་རབས་ཀྱི་སྨན་དཔྱད་དང་རང་རྒྱལ་གྱི་སྲོལ་རྒྱུན་སྨན་དཔྱད་གོང་དུ་སྤེལ་བ། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་།   རྒྱལ་ཁབ་ཀྱི་ཁེ་ལས་ལས་དོན་གྱི་རྩ་འཛུགས།  སྲང་ལམ་གྱི་རྩ་འཛུགས་བཅས་ཀྱིས་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་སྒྲིག་བཀོད་སྣ་ཚོགས་འཛུགས་གཉེར་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཐོག མང་ཚོགས་ཀྱི་རང་བཞིན་ལྡན་པའི་གཙང་སྤྲའི་བྱེད་སྒོ་སྤེལ་ཏེ་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་ཡིན།  

རྒྱལ་ཁབ་ཀྱིས་ལུས་རྩལ་བྱ་གཞག་གོང་དུ་སྤེལ་བ་དང་འབྲེལ་མང་ཚོགས་ཀྱི་རང་བཞིན་དང་ལྡན་པའི་ལུས་རྩལ་གྱི་བྱ་བ་སྤེལ་ནས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དུ་གཏོང་བ་ཡིན། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།