སྲིད་འཛིན་ས་ཁོངས་གང་དག་གི་བསྒྱུར་བཅོས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་མཆན་འགོད་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

《སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་དོ་དམ་སྲོལ་ཡིག》གི་དོན་ཚན7པའི་གཏན་འཁེལ་ལྟར་ན། སྲིད་འཛིན་ས་ཁོངས་དབྱེ་སྟངས་བསྒྱུར་དགོས་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་བྱ་དགོས།   

(1) ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་ས་མཚམས་བསྒྱུར་བ་དང་།   མི་དམངས་སྲིད་གཞུང་གནས་སའི་གནས་སྤོ།  བསྡུས་མིང་ལ་གོ་རིམ་བསྒྱུར་བ།  

(2) རང་སྐྱོང་ཁུལ་དང་། རྫོང་།  རང་སྐྱོང་རྫོང་།   གྲོང་ཁྱེར།  གྲོང་ཁྱེར་ཁོངས་ཀྱི་ཆུས་བཅས་འཛུགས་པ་དང་།   མེད་པར་བཟོ་བ།  མིང་བསྒྱུར་བ། ཁོངས་གཏོགས་ཀྱི་འབྲེལ་བ་བསྒྱུར་བ་བཅས་དང་དེ་བཞིན་རང་སྐྱོང་ཁུལ་དང་།   རང་སྐྱོང་རྫོང་།  ཆུས་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅའ་སྡོད་བྱེད་ས་སྤོ་བ།  

(3) རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་བསྒྱུར་བ་དང་། རྫོང་དང་།  གྲོང་ཁྱེར། གྲོང་ཁྱེར་ཁོངས་ཀྱི་ཆུས་བཅས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་ས་མཚམས་བསྒྱུར་བཅོས་གལ་ཆེན་བྱ་རྒྱུ།  

(4) རྒྱ་མཚོའི་འགྲམ་རྒྱུད་དང་། མཚོ་གླིང་།  མཐའ་མཚམས་ས་གནས།   མཚེའུ།  གལ་ཆེའི་ཐོན་ཁུངས་ས་ཁུལ་དང་དམིགས་བསལ་གནས་ཚུལ་ས་ཁུལ་བཅས་ཀྱི་ཁོངས་གཏོགས་འབྲེལ་བའམ་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ཀྱི་འགྱུར་ལྡོག་དང་འབྲེལ་བ་ཡོད་པ་བཅས་ཡིན།  

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།