(1) གཅིག་གྱུར་གྱི་རྩ་ཁྲིམས་ཁྲིམས་གཞུང་ཡོད་མེད་ལ་གཞིགས་ནས་དབྱེ་ན། ཁྲིམས་གཞུང་ཡོད་པའི་རྩ་ཁྲིམས་དང་ཁྲིམས་གཞུང་མེད་པའི་རྩ་ཁྲིམས་གཉིས་སུ་དབྱེ་ཆོག་ལ། འདིར་ཡིག་ཐོག་ཏུ་འཁོད་པའི་རྩ་ཁྲིམས་དང་ཡིག་ཐོག་ཏུ་མ་འཁོད་པའི་རྩ་ཁྲིམས་ཞེས་ཀྱང་ཟེར།
(2) དམིགས་བཙུགས་ཀྱི་གཏན་འཁེལ་བྱེད་པའི་ལས་ཁུངས་ཡོད་མེད་དང་། གཏན་འཁེལ་དང་དག་བཅོས་བྱེད་པའི་གོ་རིམ་གཟབ་ནན་ཡིན་མིན་ལ་གཞིགས་ནས་དབྱེ་ན། བརྟན་ཚུགས་རྩ་ཁྲིམས་དང་སྐབས་བསྟུན་རྩ་ཁྲིམས་གཉིས་ཡོད།
(3) རྩ་ཁྲིམས་གཏན་འཁེལ་བྱེད་པོ་མི་འདྲ་བར་གཞིགས་ནས་དབྱེ་ན། རྒྱལ་པོས་གཏན་འཁེལ་བྱས་པའི་རྩ་ཁྲིམས་དང་དམངས་ཀྱིས་གཏན་འཁེལ་བྱས་པའི་རྩ་ཁྲིམས། གྲོས་མོལ་བྱས་ནས་གཏན་འཁེལ་བྱས་པའི་རྩ་ཁྲིམས་བཅས་གསུམ་ཡོད།
(4) ལོ་རྒྱུས་ཀྱི་རིགས་མི་འདྲ་བར་གཞིགས་ནས་ཉེ་རབས་ཀྱི་རྩ་ཁྲིམས་དང་དེང་རབས་ཀྱི་རྩ་ཁྲིམས། ད་རབས་ཀྱི་རྩ་ཁྲིམས་བཅས་གསུམ་ཡོད།
(5) སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བར་གཞིགས་ནས་དབྱེ་ན། སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་དང་མ་རྩ་རིང་ལུགས་ཀྱི་རྩ་ཁྲིམས་གཉིས་ཡོད།