རྩ་ཁྲིམས་འཕེལ་རྒྱས་ལ་དུས་རིམ་ཁག་གསུམ་ཡོད་པ་གང་དག་ཡིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

(1) ཉེན་རྟོག་པའི་རྒྱལ་ཁབ་ཀྱི་དུས་སྐབས། 

རྒྱལ་ཁབ་དང་སྤྱི་ཚོགས་དབར་དབྱེ་བ་གསལ་པོ་ཕྱེ་མེད་ཅིང་། དབང་སྒྱུར་པ་ནི་རྒྱལ་ཁབ་ཀྱི་འཐུས་ཚབ་པ་ཡིན་ལ། མི་དམངས་ཀྱི་འཚོ་བའི་ཁོར་ཡུག་མཚོན་པའི་སྤྱི་ཚོགས་དབར་གྱི་འབྲེལ་བ་ནི་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་དབང་སྒྱུར་པས་བཟུང་ཡོད་པ་དང་།   མི་དམངས་ལ་དབང་ཆ་མེད་མོད།  ཡིན་ནའང་ངེས་པར་རྩ་དོན་བསྲུང་དགོས།  

(2) རང་མོས་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་དུས་སྐབས། 

དུས་སྐབས་འདིར་བསམ་བློའི་ཐོག་ནས་བློ་སྒོ་ཕྱེ་བ་དང་འབྱོར་འབྲིང་གྲལ་རིམ་དར་རྒྱས་བྱུང་བའི་དབང་གིས་རྒྱལ་ཁབ་དང་སྤྱི་ཚོགས་གཉིས་རིམ་བཞིན་དབྱེ་བ་ཕྱེ་བ་རེད། དུས་སྐབས་དེའི་རིང་གི་བསམ་བློ་ལྟར་ན། སྤྱི་ཚོགས་ནི་རྒྱལ་ཁབ་ཀྱི་སྔོན་ལ་གནས་པར་མ་ཟད།   སྒེར་ཁྲིམས་རང་སྐྱོང(དེ་ནི་རང་མོས་ཀྱི་རྩ་དོན་ཡིན)ལ་བརྟེན་ནས་རང་འཕེལ་རང་བཞིན་ཆགས་པ་དང་།  རྒྱལ་ཁབ་ནི་སྤྱི་ཚོགས་འཁོར་སྐྱོད་འཐུས་ཚང་དུ་གཏོང་ཆེད་ཐོན་པ་ཞིག་ཡིན་པས།   སྲིད་གཞུང་གིས་སྤྱི་ཚོགས་ལ་ཐེ་ཇུས་ཇི་ཙམ་བྱས་ན་དེ་ཙམ་གྱིས་ལེགས་པའི་ངོས་འཛིན་བྱས་ཡོད་ཅིང་།   དུས་སྐབས་འདིར་སྲིད་འཛིན་བཅའ་ཁྲིམས་འབྱུང་མགོ་བརྩམས་པ་དང་།   ཁྲིམས་ལྟར་སྲིད་འཛིན་དང་།  བཅའ་ཁྲིམས་སོར་འཇོག དམིགས་བསལ་དབང་ཆའི་འབྲེལ་བ་སོགས་ཀྱི་ཐ་སྙད་རིམ་བཞིན་བྱུང་བ་རེད།  

(3) སྤྱི་ཚོགས་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་དུས་སྐབས། 

དུས་སྐབས་གོང་མའི་ནང་རྒྱལ་ཁབ་ཀྱི་ལས་འགན་སྒྲུབ་ཁོངས་གུ་དོག་པ་དང་། སྒེར་ཁྲིམས་རང་སྐྱོང་དང་གན་རྒྱ་འཇོག་དབང་སོགས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་དཔལ་འབྱོར་སྟོབས་ཤུགས་ཆེན་པོ་ལྡན་པའི་སྤྱི་ཚོགས་ཚོགས་པའམ་འབྱོར་ཆེན་ཚོགས་པས་ཁྲོམ་ར་སྒེར་སྡོམ་བྱས་ཏེ་མི་དམངས་ཀྱི་ཁེ་དབང་ལ་གནོད་འཚེ་ཆེན་པོ་བཏང་བར་བརྟེན་རྒྱལ་ཁབ་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་ནི་རྦད་དེ་རིམ་བརྩེགས་ཤིག་མིན་ལ་རྦད་དེ་ལོགས་འཛུགས་བྱས་པའང་མིན་པའི་རྒྱུ་གཉིས་མཉམ་བསྲེས་འོས་འཚམ་ཞིག་བྱ་དགོས་པ་དང་།  རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཆགས་པ་བྱེད་པ་དང་ཆབས་ཅིག་མི་དམངས་ཀྱི་ཁེ་དབང་དམའ་ཤོས་འགན་ལེན་བྱས་ནས་མི་དམངས་ཀྱི་གཞི་རྩའི་ཁེ་དབང་ལ་ཐད་ཀར་རྩ་ཁྲིམས་ཀྱི་གཞི་འཛིན་སར་བྱས་ནས་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་འགན་ལེན་བྱ་དགོས་པའི་ནན་བཤད་བྱས་ཡོད།  དུས་སྐབས་དེའི་ནང་རྒྱལ་ཁབ་ཙམ་མ་ཟད།  སྤྱི་ཚོགས་ཐོག་གི་མི་དམངས་སྤྱིར་བཏང་པས་ཀྱང་རྩ་ཁྲིམས་ནང་གཞི་རྩའི་དབང་ཆར་འགན་སྲུང་བྱ་རྒྱུའི་སྐོར་གྱི་གཏན་འཁེལ་ལ་བརྩི་སྲུང་བྱ་དགོས་མོད། འོན་ཀྱང་དུས་ཚོད་འགྱུར་འགྲོ་བ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་རྩ་ཁྲིམས་བཟོ་བཅོས་བྱེད་ཐུབ་བཟོ་ཡང་ཆེ་རུ་ཕྱིན་ཡོད།   

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།