《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན42པའི་གཏན་འཁེལ་ལྟར་ན། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན་ཉིན5མན་གྱི་བཀག་ཉར་རམ་དངུལ་ཆད་སྒོར500མན་གཅོད་པ་དང་། ཉེས་ཚབས་ཆེ་བའི་རིགས་ལ་ཉིན5ཡན་ནས་ཉིན10མན་གྱི་བཀག་ཉར་རམ་སྒོར500མན་གྱི་ཆད་པའང་བཅད་ཆོག་སྟེ།
(གཅིག) འཇིགས་སྐུལ་འཕྲིན་ཡིག་འབྲི་བའམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་གཞན་གྱི་མི་ལུས་བདེ་འཇགས་ལ་འཇིགས་སྣང་སྐྱེད་པའི་རིགས།
(གཉིས) མངོན་སུམ་འཛེམ་མེད་ཀྱིས་གཞན་ལ་བརྙས་བཅོས་བྱས་པའམ་གནས་ཚུལ་རྫུན་མ་བཟོས་ནས་གཞན་ལ་སྐུར་འདེབས་བྱས་པའི་རིགས།
(གསུམ) གནས་ཚུལ་རྫུན་མ་བཟོས་ཏེ་གཞན་ལ་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱས་ནས་གཞན་ལ་ཉེས་འགན་བདའ་འདེད་དམ་བདེ་སྲུང་དོ་དམ་གྱི་ཆད་པ་གཅོད་རྒྱུར་རེ་ངན་བཅངས་པའི་རིགས།
(བཞི) དཔང་མི་དང་དེའི་གཉེན་ཉེར་འཇིགས་སྐུལ་ལམ་བརྙས་བཅོས། གཅར་རྡུང་། ཡང་ན་རྡུང་རྡེག་འཁོན་སློག་བྱས་པའི་རིགས།
(ལྔ) ཆགས་སྲེད་དང་བརྙས་བཅོས། འཇིགས་སྐུལ་ལམ་ཡང་ན་ཆ་འཕྲིན་གཞན་པའི་ནང་དོན་ཐེངས་མང་བསྐུར་ནས་གཞན་གྱི་རྒྱུན་ལྡན་འཚོ་བར་གནོད་པ་སྐྱེལ་བའི་རིགས།
(དྲུག) གཞན་གྱི་གསང་དོན་ལྐོག་ལྟ་དང་ལྐོག་པར་ལེན་པ། ལྐོག་ཉན། འགྲེམས་སྤེལ་བཅས་བྱས་པའི་རིགས་སོ། །