དྲོད་རླངས་ཚོད་ལྟ་བྱེད་སྐབས་ཁང་པ་བསྣུབས་ན་སུས་འགན་འཁུར་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལདམངས་དོན་ཁྲིམས་གཞུངགི་དོན་ཚན1165པའི་གཏན་འཁེལ་ལྟར་ན། བྱ་སྤྱོད་སྤེལ་མཁན་གྱི་ནོར་འཁྲུལ་དབང་གིས་སྐྱེ་བོ་གཞན་གྱི་དམངས་དོན་ཁེ་དབང་ལ་གནོད་སྐྱོན་བཟོས་ན། དབང་གནོད་ཁག་འགན་འཁུར་དགོས། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་བྱ་སྤྱོད་སྤེལ་མཁན་ལ་ནོར་འཁྲུལ་ཡོད་པར་ཚོད་དཔག་བྱས་ཀྱང་རང་ཉིད་ལ་ནོར་འཁྲུལ་མེད་པའི་ར་སྤྲོད་བྱེད་མི་ཐུབ་ན། དབང་གནོད་ཁག་འགན་འཁུར་དགོས།

རང་རྒྱལདམངས་དོན་ཁྲིམས་གཞུངགི་དོན་ཚན1172པའི་གཏན་འཁེལ་ལྟར་ན། མི་གཉིས་ཡན་གྱིས་སོ་སོར་དབང་གནོད་བྱ་སྤྱོད་སྤེལ་ཏེ་གནོད་སྐྱོན་གཅིག་མཚུངས་བཟོས་ན། འགན་འཁྲི་ཆེ་ཆུང་གཏན་འཁེལ་བྱེད་ཐུབ་པའི་རིགས་སོ་སོས་བབ་མཚུངས་ཀྱི་འགན་འཁྲི་འཁུར་དགོས་པ་དང་། འགན་འཁྲི་ཆེ་ཆུང་གཏན་འཁེལ་བྱེད་མི་ཐུབ་པའི་རིགས་ཀྱིས་ཆ་སྙོམས་ཀྱིས་འགན་འཁྲི་འཁུར་དགོས།

སྡེ་ལས་དོ་དམ་སྲོལ་ཡིགགི་དོན་ཚན51པའི་གཏན་འཁེལ་ལྟར་ན། ཆུ་དང་གློག་མཁོ་འདོན། སོལ་རླངས་མཁོ་འདོན། དྲོད་རླངས་མཁོ་འདོན། འཕྲིན་གཏོང་། སྐུད་ཡོད་བརྙན་འཕྲིན་སོགས་ལས་ཁུངས་ཀྱིས་ཁྲིམས་ལྟར་སྡེ་ལས་དོ་དམ་ས་ཁོངས་ཀྱི་འབྲེལ་ཡོད་གློག་སྐུད་དང་ལྕགས་སྡོང་། སྒྲིག་བཀོད་སྒྲིག་ཆས་ཉམས་གསོ་དང་བདག་སྐྱོང་བྱེད་འགན་འཁུར་དགོས། གོང་གི་གཏན་འཁེལ་བྱས་པའི་ལས་ཁུངས་ཀྱིས་ཉམས་གསོ་དང་བདག་སྐྱོང་སོགས་ཀྱི་དགོས་མཁོའི་དབང་གིས་གནས་སྐབས་སུ་བགྲོད་ལམ་དང་ར་སྐོར་རྐོ་འདྲུ་བྱས་པའི་རིགས་ལ་དུས་ཐོག་ཏུ་སྔར་ཡོད་རྣམ་པ་སླར་གསོ་བྱ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།