ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་གྱིས་མགྲོན་པོ་མང་པོ་བསུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཚྭ་ཁའི་ཚྭ་མཚོ་ཡིས་ཡུལ་སྐོར་བ་མི་ཉུང་བ་ཞིག་བསུས། ད་ལྟ་ཚྭ་ཁའི་ཚྭ་མཚོ་ནི་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་ལྗོངས་ཁུལ་ཡིན་པ་དང་། ཐོན་སྐྱེད་དང་ཡུལ་སྐོར་གཉིས་མཉམ་འབྲེལ་ཡག་པོ་བྱས་པས་རྒྱལ་ནང་གི་ཡུལ་སྐོར་ལས་རིགས་སུ་མཚན་སྙན་ཅུང་ཆེན་པོ་རྒྱས་ཏེ། རབ་མཛེས་མཚོ་སྔོན་གྱི་ཡུལ་སྐོར་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད། ཚྭ་ཁའི་ཚྭ་མཚོ་རུ་ད་དུང་ལྕེ་མྱང་ཚྭ་མང་པོ་ཐོན་པས་སྐད་གྲགས་ཆེ་བ་དང་ཀྲུང་གོའི་ལྗང་མདོག་གི་ཟས་སྤྱོད་ཚྭ་ཐོན་སྐྱེད་ཀྱི་རྟེན་གཞི་དང་པོ་རུ་གྱུར་ཡོད། །

ཡུལ་སྐོར་བ་ཚྭ་ཁའི་ཚྭ་མཚོ་རུ་རྩེད་མོར་གཡེང་བའི་རྣམ་པ།

ཚྭ་མཚོའི་འགྲམ་དུ་སློབ་ཁྲིད་བྱེད་བཞིན་པའི་རྣམ་པ།

་ལས་བྱེད་མི་སྣས་ཚྭ་རྐོས་ཉམས་སུ་མྱོང་མཁན་ལ་མཛུབ་སྟོན་བྱེད་བཞིན་པ།

ཚྭ་རྐོས་ཀྱི་ཐོན་རྫས།

ཡུལ་སྐོར་བ་ཚྭ་ཁའི་ཚྭ་མཚོ་རུ་རྩེད་མོ་གཡེང་བའི་རྣམ་པ།

སྔོ་བསངས་མཁའ་མཐར་འདྲེས་པའི་ཚྭ་མཚོའི་ཡུལ་ལྗོངས།

སྲོད་ཁའི་མཚར་སྡུག་གི་མཚམས་སྤྲིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།