གཏེར་ཁ་དང་ཆུ་བོ། ནགས་ཚལ། རི་བོ། རྩྭ་ཐང་། ས་རྒོད། གྲམ་ཐང་སོགས་རང་བྱུང་གི་ཐོན་ཁུངས་ཚང་མ་རྒྱལ་ཁབ་ལ་དབང་བ་སྟེ་དམངས་ཡོངས་ལ་ཡང་དབང་བ་ཡིན། ཡིན་ན་ཡང་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པ་ལྟར་ཐུན་མོང་ལ་དབང་བའི་ནགས་ཚལ་དང་རི་བོ། རྩྭ་ཐང་། ས་རྒོད། གྲམ་ཐང་བཅས་ནི་དེའི་ཁོངས་སུ་མི་གཏོགས།
རྒྱལ་ཁབ་ཀྱིས་རང་བྱུང་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པར་འགན་སྲུང་དང་། རྩ་ཆེ་བའི་སྲོག་ཆགས་དང་རྩི་ཤིང་རྣམས་སྲུང་སྐྱོབ་བྱ་དགོས། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་བྱེད་ཐབས་གང་རུང་ཞིག་ལ་བརྟེན་ནས་རང་བྱུང་གི་ཐོན་ཁུངས་འཛིན་སྤྱོད་དམ་གཏོར་བརླག་བྱེད་མི་ཆོག རྒྱལ་ཁབ་ཀྱིས་སྡོང་འཛུགས་ནགས་སྐྲུན་རྩ་འཛུགས་དང་དེར་སྐུལ་མ་བཏང་སྟེ། ཤིང་ནགས་སྲུང་སྐྱོང་བྱེད་པ་ཡིན།