ཅི་ཞིག་ལ་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ཟེར།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ནི་རྒྱལ་ཁབ་ཀྱི་ལས་དོན་མི་སྣས་ལས་གནས་སུ་མ་ཞུགས་གོང་ངེས་པར་ཡོངས་བསྒྲགས་ངང་འགན་བཞེས་དམ་བཅའ་འཇོག་པའི་མཛད་སྒོའི་ཐོག་རྩ་ཁྲིམས་ལ་བརྩི་བཀུར་ཞུ་བའི་ལམ་ལུགས་ཤིག་རེད། མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དང་དེ་བཞིན་རྫོང་རིམ་པ་ཡན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་དང་བསྐོ་གཞག་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་།   དེ་བཞིན་མི་དམངས་སྲིད་གཞུང་རིམ་པ་ཁག་དང་།   ལྟ་ཞིབ་ཨུ་ཡོན་ལྷན་ཁང་།   མི་དམངས་ཁྲིམས་ཁང་།  མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ལས་གནས་སུ་འཁོད་སྐབས་རྩ་ཁྲིམས་ལ་དམ་བཅའ་འཇོག་དགོས།  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།