རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ནང་དོན་གང་ཞིག་ཡིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འཁེལ》གཞིར་བཟུང་། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ནང་དོན་ནི་གཤམ་གསལ་ལྟར།  

ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་བ་དང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། ཁྲིམས་བཀོད་འགན་འཁྲི་ལག་བསྟར།   མེས་རྒྱལ་ལ་བློ་དཀར་བ་དང་མི་དམངས་ལ་བློ་དཀར་བ།   རང་འགན་ནན་སྒྲུབ།   སྤྱོད་གཙང་སྤྱི་གཞོལ།  མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ་འབྱོར་ཕྱུག་དང་དམངས་གཙོ།  དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུའི་དམ་བཅའ་བཞག་པ་ཡིན་ཞེས་འཁོད་ཡོད། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།