འགྲིམ་འགྲུལ་ཆག་སྒོ་བསླངས་པའི་ནག་ཉེས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན133པའི་ནང་ཚན1པོའི་གཏན་འཁེལ་ལྟར་ན། གཞུང་ལམ་སྟེང་འཕྲུལ་སྒུལ་འཁོར་ལོ་བསྐོར་ནས་གཤམ་གསལ་གྱི་ཉེན་ཁ་ཡོད་པའི་ཁ་ལོ་བའི་ནག་ཉེས་རིགས་བཞི་བསགས་པ་ལ། བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་པར་མ་ཟད། དངུལ་ཆད་ཀྱང་གཅོད་པ་རེད།

(གཅིག) སྔ་གཞུག་རླངས་འཁོར་དང་རྒྱུག་རེས་བྱས་ཏེ་ཉེས་ཚབས་ཆེ་བའི་རིགས།

(གཉིས) ཆང་གིས་བཟི་ནས་འཕྲུལ་སྒུལ་འཁོར་ལོ་བསྐོར་བའི་རིགས།

(གསུམ) སློབ་གྲྭའི་རླངས་འཁོར་བསྐོར་བའམ་འགྲུལ་པ་སྐྱེལ་འདྲེན་བྱེད་སྐབས། གཏན་འཁེལ་གྱི་མི་གྲངས་ལས་ཚད་ལས་བརྒལ་བའམ་ཡང་ན་གཏན་འཁེལ་གྱི་མྱུར་ཚད་ལས་ཚད་བརྒལ་ནས་བསྐྱོད་པའི་རིགས།

(བཞི) ཉེན་ཆེའི་རྫས་འགྱུར་དངོས་རྫས་བདེ་སྲུང་དོ་དམ་གྱི་གཏན་འཁེལ་དང་འགལ་ཏེ་སྐྱེལ་འདྲེན་བྱས་ནས་སྤྱི་པའི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་རིགས་བཅས་ཡིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།