ཡོ་རོབ་སྐམ་ས་ཆེན་མོའི་ཡིག་འཁོད་རྩ་ཁྲིམས་ཐོག་མ་ནི་གང་ཡིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཡོ་རོབ་སྐམ་ས་ཆེན་མོའི་ཡིག་འཁོད་རྩ་ཁྲིམས་དང་པོ་ནི།1791ལོའི་ཟླ9པར་ཁྱབ་བསྒྲགས་བྱས་པའི《ཧྥ་རན་སེའི་རྩ་ཁྲིམས》ཞེས་པ་དེ་རེད།  དེ་ལ་བརྟེན་ནས་ཧྥ་རན་སེ་ནི་རྒྱལ་པོ་དང་རྩ་ཁྲིམས་གཉིས་ལྡན་གྱི་ལམ་ལུགས་སྲུང་བའི་རྒྱལ་ཁབ་ཅིག་ཡིན་པ་གཏན་འཁེལ་བྱས་པ་དང་།  རང་དབང་དང་དབང་ཆ་འདྲ་མཉམ་ལ་གནོད་འཚེ་གཏོང་བའི་ལམ་ལུགས་མེད་པར་བཟོ་རྒྱུ་ཁྱབ་བསྒྲགས་བྱས་ལ། དབང་གསུམ་ལོགས་འབྱེད་ཀྱི་རྩ་དོན་གཏན་འཁེལ་བྱས་ཡོད། དེ་ནི་ཧྥ་རན་སེ་སྲོལ་རྒྱུན་གྱི་སྐུ་དྲག་སྤྱི་ཚོགས་ནས་ཉེ་རབས་སྤྱི་དམངས་ཀྱི་སྤྱི་ཚོགས་སུ་བསྐྱོད་པའི་བཅའ་ཁྲིམས་ཀྱི་མཚོན་རྟགས་ཤིག་རེད།  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།