1.འཕྲེད་ཕྱོགས་སུ་བཀྲུ་བ།
དུས་ཡུན་རིང་བོར་འཕྲེད་དུ་སོག་ལེའི་རྣམ་པའི་སོ་བཀྲུ་བ་དང་། སོ་འཁྲུད་ཤུགས་ཆེ་བའམ་ཡང་ན་སྤུ་སྲ་དྲགས་པའི་སོ་ཤད་བཀོལ་ན་སོ་ལ་བརྡར་ཟད་ཐེབས་སྲིད།
སོ་རྩི་ནི་མིའི་ལུས་ཕུང་གི་ཕུང་གྲུབ་ཆེས་སྲ་མོ་ཞིག་ཡིན་མོད། འོན་ཀྱང་། སོ་སྐེ་རུ་སོ་རྩི་ཆེས་སྲབ་མོ་ཞིག་ལས་མེད་པས། དེ་ལ་ཉིན་རྒྱུན་རྩུབ་བརྡར་དྲགས་པོ་བྱས་ན་ཡུན་རིང་འགོར་རྗེས་གནད་དོན་འབྱུང་སྲིད།
2.སོ་བཀྲུ་བའི་དུས་ཚོད་ཐུང་དྲགས་པ།
མི་ལ་ལས་སོ་བཀྲུ་ཡུན་ནི་སྐར་ཆ་བཅུ་གྲངས་ལས་མིན། དོན་དངོས་སུ། སོ་བཀྲུ་བའི་དུས་ཚོད་སྐར་མ་གསུམ་ཡན་ཡིན་དགོས།
3.སོ་བཀྲུ་བ་མ་གཏོགས་ལྕེ་མི་བཀྲུ་བ།
ལྕེ་ངོས་སུ་ནུ་ཏོག་ཆུང་ཆུང་འདྲ་བ་མང་པོ་འབུར་ཡོད་ས་ནི་ནད་འབུ་ཕྲ་མོ་སྐུང་སར་འགྱུར་སླ། གལ་ཏེ་དུས་བཀག་ལྟར་གཙང་བཀྲུ་བྱེད་པར་དོ་སྣང་མ་བྱས་ན། ལྕེ་དྲེག་ཐོག་གི་འབུ་ཕྲ་དེས་སོ་དང་། སོ་རྙིལ། མིད་པ་སོགས་ལ་གནོད་པ་ཐེབས་ནས་ཁ་དྲི་ངན་པ་འབྱུང་སྲིད། ཚབས་ཆེ་ན་ཁ་སྦུག་དང་དབུགས་ལམ་སོགས་ཀྱི་ནད་རིགས་འབྱུང་སྲིད།
4.སོ་ཤད་ཡུན་རིང་ལ་མི་བརྗེ་བ།
སོ་ཤད་ཡུན་རིང་སྤྱད་ན་མི་གཙང་བ་དང་འབུ་ཕྲ་མང་པོ་སྐྱེད་སླ་བས། སོ་ཇི་ཙམ་བཀྲུས་ན་དེ་ཙམ་གྱིས་བཙོག་པོ་ཆགས་པ་མ་ཟད། ད་དུང་སོ་དང་སོ་རྙིལ་ལ་གནོད་པ་ཐེབས་སྲིད། སྤྱིར་བཏང་གི་གནས་ཚུལ་འོག ཟླ་བ་གསུམ་རེར་སོ་ཤད་བརྗེ་དགོས།