ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་གླེང་གཞི་དང་། ལེའུ་དང་པོ་སྤྱིའི་རྩ་འཛིན། ལེའུ་གཉིས་པ་སྤྱི་དམངས་ཀྱི་རྩ་བའི་ཁེ་དབང་དང་འོས་འགན། ལེའུ་གསུམ་པ་རྒྱལ་ཁབ་ཀྱི་སྒྲིག་གཞི། ལེའུ་བཞི་པ་རྒྱལ་དར་དང་རྒྱལ་གླུ། རྒྱལ་རྟགས། རྒྱལ་ས་བཅས་ཀྱིས་གྲུབ་ཡོད་པ་དང་། ཁག་རེ་རེའི་འོག་ཏུ་ཧ་ཅང་གསལ་ཞིང་ཞིབ་ཕྲ་བའི་གསལ་བཤད་གཏན་འཁེལ་བྱས་ཡོད། རྩ་ཁྲིམས་ནི་རང་རྒྱལ་གྱི་ཆེས་མཐོ་བའི་བཅའ་ཁྲིམས་ཡིན་ལ། བཅའ་ཁྲིམས་གཞན་དག་ཐམས་ཅད་ཀྱི་རྨང་གཞི་ཡང་ཡིན།