ཁྱོ་ཤུག་ཕྱོགས་གཅིག་གིས་ཐུན་མོང་གི་རྒྱུ་ནོར་ལ་གནོད་འཚེ་བཏང་ན་བཅའ་ཁྲིམས་ཀྱི་མཇུག་འབྲས་ཅི་ཞིག་ཡིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཁྱོ་ཤུག་ཕྱོགས་ཅིག་ཤོས་ཀྱིས་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་དང་། སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག་བཅས་བྱས་པའམ་ཁྱོ་ཤུག་ཐུན་མོང་གི་བུ་ལོན་རྫུན་བཟོ་བྱས་ནས་ཅིག་ཤོས་ཀྱི་རྒྱུ་ནོར་ཧམ་བཟུང་བྱེད་རྩིས་བྱས་ན། གཉེན་འཐོར་ནས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་སྐབས། ཕྱོགས་དེ་ལ་ཉུང་ཙམ་བགོ་བའམ་མ་བགོས་ནའང་ཆོག གཉེན་འཐོར་རྗེས། ཕྱོགས་ཅིག་ཤོས་ཀྱིས་གོང་སྨོས་ཀྱི་བྱ་སྤྱོད་ཡོད་པ་ཤེས་ན། མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ནས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་བསྐྱར་དུ་བགོ་བཤའ་རྒྱག་པར་རེ་བ་གདོན་ཆོག

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།