ཟི་ལིང་གི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི“རྒྱལ་ཡོངས་ཀྱི་ས་གནས་གཞན་དུ་དངུལ་བུན་འཇལ་བའི”ལས་སྒོ་དངོས་སུ་སྤེལ་འགོ་ཚུགས་པ། 

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་ཟི་ལིང་གི་སྡོད་ཁང་སྤྱི་གསོག་མ་དངུལ་ལས་སྒོའི་མ་ལག་གིས“རྒྱལ་ཡོངས་ཀྱི་ས་གནས་གཞན་དུ་དངུལ་བུན་འཇལ་བའི”ལས་སྒོའི་ལས་སྟེགས་བདེ་བླག་ངང་སྦྲེལ་མཐུད་བྱས་པ་དང་། སྟེགས་བུས་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་གཞན་དག་དང་ས་གནས་གཞན་གྱི་དངུལ་བུན་ཟླ་རེ་བཞིན་ཕྱིར་སྤྲོད་བྱས་ཏེ། རྒྱལ་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་འཇོག་པའི་ལས་བཟོ་པར་སྔར་ལས་ཕུན་སུམ་ཚོགས་ཤིང་སྟབས་བདེ་བའི་ལས་སྒོའི་རིགས་དང་ཐག་གཅོད་བྱེད་སྟངས་མཁོ་འདོན་བྱས་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་ནས་བཟུང་ཟི་ལིང་གི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་དོ་དམ་བྱེད་སྟངས་མུ་མཐུད་ཇེ་ལེགས་སུ་དང་། མ་ལག་གི་ནུས་པ་འཐུས་ཚང་། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར། ས་གནས་གཞན་དུ་ལས་སྒོ་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས་ཆེ་སྐྱེད་བཅས་ལ་སྐུལ་འདེད་བཏང་། ། ཐེངས་འདིའི“རྒྱལ་ཡོངས་ཀྱི་ས་གནས་གཞན་དུ་དངུལ་བུན་འཇལ་བའི”ལས་སྒོ་གཉེར་བ་ནི“ས་གནས་གཞན་དུ་དངུལ་བུན་འཇལ་བའི་འགྲོ་ལུགས་རྙོག་འཛིང་ཆེ་བ་དང་། མ་དངུལ་སྤོ་སྒྱུར་སྟབས་བདེ་མིན་པ། མ་ལག་རང་འགུལ་ངང་སྤེལ་ཐབས་བྲལ་བ་བཅས་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཆེད་རེད། དངུལ་བུན་འཇོག་མཁན་གྱིས་ས་ཆ་གཞན་དུ་ཁང་པ་ཉོས་པ་མ་ཟད་སྡོད་ཁང་སྤྱི་གསོག་མ་དངུལ་དངུལ་བུན་བསྒྲུབས་རྗེས།“རྒྱལ་ཡོངས་སྡོད་ཁང་སྤྱི་གསོག་མ་དངུལ་སྤྱི་པའི་ཞབས་ཞུའི”སྟེགས་བུ་བརྒྱུད་རང་ཉིད་དང་བཟའ་ཟླའི་དངུལ་བུན་འཇོག་ཡུལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་རྩིས་ཁྲའི་ལྷག་དངུལ་དེ་ས་གནས་གཞན་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དངུལ་བུན་འཇལ་ཆོག་པར་རེ་ཞུ་བྱས་ཆོག དངུལ་བུན་གཏོང་ཡུལ་དང་དངུལ་བུན་འཇོག་ཡུལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཕན་ཚུན་ཞིབ་བཤེར་གཏན་འཁེལ་བྱས་རྗེས། ཟླ་རེར་མ་ལག་བརྒྱུད་དེ་དངུལ་བུན་འཇོག་མཁན་དང་བཟའ་ཟླའི་སྡོད་ཁང་སྤྱི་གསོག་མ་དངུལ་རྩིས་ཁྲའི་ནང་ནས་དེ་མཚུངས་ཀྱི་དངུལ་གྲངས་རང་འགུལ་གྱིས་འཐེན་ནས་དངུལ་བུན་འཇལ་བར་སྤྱད་དེ།“རེ་ཞུ་ཐེངས་གཅིག་དང་རང་འགུལ་ངང་འཐེན་དགོས”མངོན་འགྱུར་བྱེད་དགོས།

རྒྱལ་ཡོངས་ས་གནས་གཞན་དུ་དངུལ་བུན་འཇལ་བའི་ལས་སྒོ་ཤར་གཏོང་ཐུབ་པ་དེ་ནི་སྡོད་ཁང་སྤྱི་གསོག་མ་དངུལ་ལས་རིགས་ཀྱིས་ས་ཁོངས་ཚོད་འཛིན་གཏོར་བརླག་དང་། ཐག་གཅོད་བྱེད་སྟངས་ཇེ་ལེགས་སུ་གཏོང་བ། མ་དངུལ་བདེ་འཇགས་འགན་སྲུང་བཅས་ཐད་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཡིན་པས། མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་བེད་སྤྱོད་ལས་ཆོད་སྔར་བས་ཇེ་ཆེར་ཕྱིན་ནས་དོན་དངོས་སུ་དངུལ་བུན་འཇལ་མཁན་ལས་བཟོ་པའི་དངུལ་བུན་འཇལ་པའི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་པ་རེད། ལས་སྒོ་དེ་རྒྱལ་ཡོངས་སུ་ལག་བསྟར་ཟིན་པ་དང་། དངུལ་སྤྲོད་དང་བཅོལ་ཡུལ་ལྟེ་གནས་ཀྱི“རྒྱལ་ཡོངས་སྡོད་ཁང་སྤྱི་གསོག་མ་དངུལ་སྤྱི་པའི་ཞབས་ཞུའི”སྟེགས་བུའི་ནང་སྦྲེལ་མཐུད་བྱས་ཚེ་ཚང་མ་བསྒྲུབ་ཆོག་པ་དང་། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་ཁག་གི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཚང་མ་འབྲེལ་མཐུད་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། འཁོར་སྐྱོད་ཚོད་ལྟ་བྱས་པའི་རིང་ལ། ཟི་ལིང་གི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་རིམ་རྩིས་ཐོག་ས་གནས་གཞན་དུ་ཟླ་རེའི་དངུལ་བུན་འཇལ་པའི་ལས་སྒོ་ཁག406ལ་གན་རྒྱ་བཞག་ཅིང་།  མ་དངུལ་ཐེངས169ལ་འཐེན་ཞིང་། འབྲེལ་ཡོད་དངུལ་འབོར་སྒོར་ཁྲི51.03ལ་བསླེབས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།