མཁལ་མ་ལ་གནོད་པ་ཆེ་བའི་ཟས་རིགས་དྲུག

ཡོང་ཁུངས། བདེ་ཆེན་བོད་ཡིག་སྨྱན་སྦྱོར།

 1.ཚྭ་མང་བའི་ཟས། 

    ང་ཚོས་བཟའ་བཏུང་ནང་འདུས་པའི་ཚྭ་ནི་གཙོ་བོ་མཁལ་མ་ནས་བརྗེ་ཚབ་བྱེད་ཀྱི་ཡོད། གལ་ཏེ་དུས་རྒྱུན་དུ་དྲོ་བ་ཁ་བོ་དང་ཚྭ་མང་པོ་ཟས་ཚེ་མཁལ་མའི་བརྗེ་ཚབ་ཀྱི་ཁུར་པོ་ཇེ་ཆེར་འགྲོ་ངེས།

    ཕྱོགས་གཅིག་ནས། TGF-β1ནི་མཁལ་མ་ཚི་སྣ་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཚྭ་མང་དྲགས་ན་དེའི་གྲུབ་ཚུལ་ཇེ་མང་དུ་འགྲོ་བ་དང་། དེའི་བརྡ་རྟགས་སྒྱུར་འདྲེན་ནུས་པ་ཇེ་དྲག་ཏུ་བཏང་བ་བརྒྱུད་མཁལ་མ་སྲ་འགྱུར་དང་ཚི་སྣ་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་གཏོང་བ་རེད། 

    ཕྱོགས་གཞན་ཞིག་ནས། ཚྭ་མང་བའི་བཟའ་བཏུང་གིས་མཁལ་མ་དབྱང་འགྱུར་སྐུལ་བསྟུན་འབྱུང་སྲིད། མཁལ་མ་ཉམས་ཟད་དང་མཁལ་མའི་གྲུབ་ཚུལ་བསྐྱར་དུ་ཆགས་པས་མཁལ་མ་ལ་གནོད་པ་ཐེབས་སྲིད།

ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ཡུན་རིང་ལ་ཚྭ་མང་བའི་བཟའ་བཏུང་ཟས་ན་ཁྲག་ཤེད་མཐོ་བའི་ཉེན་ཁ་ཇེ་ཆེར་འགྲོ་ལ། མཁལ་མའི་རྒྱུན་ལྡན་གྱི་ནུས་པར་ཡང་ཤུགས་རྐྱེན་ཐེབས་སྲིད།

    2.མངར་ཆ་མང་བའི་ཟས་རིགས། 

    མངར་ཆ་མང་བའི་བཟའ་བཏུང་གིས་ཚོན་པོར་ཆགས་སྲིད་པ་དང་ཁྲག་ཤེད་མཐོ་བའི་ཉེན་ཁ་ཇེ་ཆེར་འགྲོ་འཇུག་པ་མ་ཟད། གཅིན་པ་མངར་འགྱུར་གྱི་ནད་རིགས་2པ་བྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བས། མཁལ་མའི་བདེ་ཐང་ལ་གནོད་པ་ཐེབས་སྲིད།

    3.རྩྭ་སྐྱུར་མཐོ་བའི་ཟས་རིགས།

    རྩྭ་སྐྱུར་ཀལ་རྡེའུ་སྐྲན་ནི་མཁལ་མའི་རྡེའུ་སྐྲན་དང་གཅིན་རྡེའུ་སྐྲན་ཁྲོད་ཅུང་རྒྱུན་མཐོང་གི་རིགས་ཤིག་ཡིན། རྩྭ་སྐྱུར་དང་ཀལ་ཟུང་འབྲེལ་བྱས་ན་རྩྭ་སྐྱུར་ཀལ་ཞུན་ཆགས་གྲུབ་ཐུབ། རྒྱུན་ལྡན་གྱི་གནས་ཚུལ་འོག གཅིན་པའི་ནང་གི་རྫས་ཁ་ཤས་ཀྱིས་ཞུན་ཆགས་ཀྱི་གྲུབ་ཚུལ་དང་སྐྱེ་འཚར་ལ་ཚོད་འཛིན་བྱེད་ཐུབ། 

    འོན་ཀྱང་གཅིན་པའི་ནང་གི་རྩྭ་སྐྱུར་འདུས་ཚད་མཐོ་དྲགས་སྐབས། གཅིན་པ་ཚད་ལོངས་དྲགས་པའི་རྣམ་པར་གནས་སྲིད་པས་རྩྭ་སྐྱུར་ཀལ་བདར་གཟུགས་དབྱེ་འབྱེད་དང་མཉམ་དུ་ཟུང་འབྲེལ་བྱས་ཏེ། མཇུག་མཐར་རྡེའུ་སྐྲན་གྲུབ་སྲིད།

    4.ཁམ་བུ་དབྱང་ཐའོ།

    ཁམ་བུ་དབྱང་ཐའོ་ནི་བྲོ་བ་ཞིམ་མོད། འོན་ཀྱང་དེར་རྩྭ་སྐྱུར་གྱི་འདུས་ཚད་མཐོ་བ་མ་ཟད། ད་དུང་དབང་རྩའི་དུག་རྒྱུ་ཞིག་འདུས་པས། མཁལ་མ་བརྒྱུད་དེ་ལུས་ཕྱི་རུ་འདོར་དགོས། ཚད་ལྡན་ཡིག་ཆའི་གཞི་གྲངས་ལས་བསྟན་དོན། མཁལ་མའི་བྱེད་ལས་རྒྱུན་ལྡན་མིན་པའི་ནད་པའི་ནང་དུ་ཁམ་བུ་དབྱང་ཐའོ་ཡི་དུག་ཕོག་ནས་ཤི་ཚད་20%ནས་40%བར་སླེབས་ཡོད།

    5.ཆང་། 

    ཆང་བཅུད་ཀྱིས་ནང་རྐྱེན་སྣ་ཚོགས་ལ་བརྟེན་ནས་མཁལ་མ་ལ་གནོད་པ་བྱེད་སྲིད། དཔེར་ན། གྲུང་གཤིས་དབྱང་བསླུ་བྲིད་བྱས་ནས་དབྱང་འགྱུར་སྐུལ་བསྟུན་བཟོས་ཏེ། རང་དབང་རྨང་ཚད་ལས་བརྒལ་བ་དང་། དེ་ནས་ཕུང་གྲུབ་ལ་གནོད་པ་དང་གཉན་ཚད་ཇེ་ཆེར་གཏོང་སྲིད། དེས་མ་ཟད། ཆང་བཅུད་ཚད་བརྒལ་བསྡུ་ལེན་བྱས་པ་དེས་མཆིན་པ་དང་སྙིང་། རྒྱུ་མ། རུས་པའི་ཤ་གྲིམ་སོགས་ལ་ཤུགས་རྐྱེན་ཐེབས་པས། མཁལ་མའི་ནད་ལུགས་གནོད་སྐྱོན་ཡང་མཉམ་དུ་ཇེ་ཆེར་འགྲོ་སྲིད།

    6.ཁུ་རྙིང་དང་རྒྱ་ཁོག་གི་ཁུ་བ། 

    ནམ་རྒྱུན་མི་འགའ་རེས་ཁུ་བ་རྙིང་པ་དང་རྒྱ་ཁོག་གི་ཁུ་བ་ལ་འཚོ་བཅུད་ལྡན་པར་འདོད་མོད། དོན་དངོས་སུ་དེ་གཉིས་མ་འཐུང་ན་བཟང་། དེ་གཉིས་དུས་ཡུན་རིང་པོར་གདུས་ཡོད་པས་དེའི་ནང་ཕུ་རོན་འདུས་ཚད་ཆེ་བ་རེད། རྒྱུན་འཐུང་བྱས་ནས་གཅིན་སྐྱུར་རྡེའུ་སྐྲན་བྱུང་སླ།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།