ཅི་ཞིག་ལ་གཞུང་དཔང་དང་གཞུང་དཔང་ཡིག་རིགས་ཟེར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

༡.ཅི་ཞིག་ལ་གཞུང་དཔང་དང་གཞུང་དཔང་ཡིག་རིགས་ཟེར།   གཞུང་དཔང་ཞེས་པ་ནི་རྒྱལ་ཁབ་ཀྱིས་ཆེད་དུ་བཙུགས་པའི་གཞུང་དཔང་ལས་ཁུངས་ཀྱིས་དོ་བདག་པའི་རེ་ཞུ་གཞིར་བཟུང་སྟེ། ཁྲིམས་བཀོད་ཀྱི་གོ་རིམ་ལྟར་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ར་སྤྲོད་པ་དང་། བཅའ་ཁྲིམས་དོན་སྙིང་ལྡན་པའི་དོན་དངོས་དང་ཡིག་རིགས་ཀྱི་བདེན་པའི་རང་བཞིན་དང་ཁྲིམས་མཐུན་རང་བཞིན་གྱི་གཏུག་བཤེར་མ་བྱས་པའི་བྱ་འགུལ་ལ་བསྟན་པ་རེད། སྤྱིར་བཏང་དུ་གོང་གསལ་གྱི་བྱ་སྤྱོད་ལ་འདོན་པའི་ར་སྤྲོད་ཡིག་རིགས་དེར་གཞུང་དཔང་ཡིག་རིགས་ཟེར།   ༢.གཞུང་དཔང་ལས་ཁུངས་ཀྱི་ལས་འགན་དང་དམིགས་འབེན་ཅི་ཞིག་ཡིན་ནམ།   གཞུང་དཔང་ལས་ཁུངས་ཀྱིས་གཞུང་དཔང་སྒྲུབ་པའི་བྱ་སྤྱོད་ནི་དམངས་དོན་རྩོད་གཞི་མ་བྱུང་སྔོན་ཡིན་པ་དང་། དེའི་དམིགས་འབེན་ནི་བཅའ་ཁྲིམས་ལ་ལྟ་སྐུལ་དང་སྲུང་སྐྱོང་། ལག་བསྟར་ཡང་དག་བཅས་བྱེད་པའི་དོན་དུ་བཅའ་ཁྲིམས་བྱ་སྤྱོད་དམ་ཡང་ན་བཅའ་ཁྲིམས་དོན་སྙིང་ལྡན་པའི་ཡིག་རིགས་དང་དོན་དངོས་ཀྱི་བདེན་པའི་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ལ་ངོས་ལེན་བྱས་པ་ཡིན། དེར་བརྟེན་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་བྱས་པ་དང་། རྒྱལ་ཁབ་དང་ཐུན་མོང་། སྤྱི་དམངས་བཅས་ཀྱི་འོས་བབ་ཀྱི་ཁེ་དབང་དང་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱས།སྤྱི་དམངས་སློབ་གསོ་བཏང་སྟེ་བཅའ་ཁྲིམས་བརྩི་སྲུང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་བྱེད་པ། རྩོད་གཞི་སྔོན་འགོག་བྱེད་པ། གཏུག་བཤེར་ཇེ་ཉུང་དུ་གཏོང་བ། ལྷིང་འཇགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཛའ་གྲོགས་ཀྱི་འགྲོ་འོང་ལ་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་བདེ་བླག་ངང་སྒྲུབ་པར་སྐུལ་འདེད་གཏོང་བ་དེ་ནི་གཞུང་དཔང་ལས་ཁུངས་ཀྱི་ལས་འགན་དང་དམིགས་འབེན་རེད།   ༣.གཞུང་དཔང་ལམ་ལུགས་ལག་བསྟར་བྱེད་པར་ཕན་ཐོགས་གང་དག་ཡོད་དམ།    (གཅིག)རྩོད་གཞི་སྔོན་འགོག་དང་གཏུག་བཤེར་ཇེ་ཉུང་དུ་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་དང་ལྷིང་འཇགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུ་གས་ཀྱི་འཛུགས་སྐྲུན་ལས་དོན་བདེ་བླག་ངང་སྒྲུབ་པ་བཅས་ལ་ཕན་ཐོགས་ཡོད་པ།    (གཉིས)རྒྱལ་ཁབ་དང་ཐུན་མོང་གི་ཁེ་ཕན་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ།    (གསུམ)སྤྱི་དམངས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་ཚང་དང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ།    (བཞི)རྒྱལ་སྤྱིའི་འགྲོ་འོང་རྒྱ་ཆེར་སྤེལ་བ་དང་། ཕྱི་ཕྱོགས་ལ་སྒོ་འབྱེད་པ་དང་ནང་ཁུལ་དུ་དཔལ་འབྱོར་ཧུར་པོར་གཏོང་བ་བཅས་ལ་ཕན་ཐོགས་ཡོད་ཅིང་། རང་རྒྱལ་གྱི་སྤྱི་དམངས་དང་ཕྱིར་སྡོད་ཀྲུང་གོ་བ། ཀང་ཨའོ་སྤུན་ཟླ་བཅས་ལ་ས་ཁོངས་ཕྱིར་ལྡན་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་དོན་སྙིང་ཡོད་པ།    (ལྔ)བདེན་དཔང་གི་ནུས་པ་ལྡན་པ་དང་། རྩོད་གཞི་ཐག་གཅོད་པར་ཕན་ཐོགས་ཡོད་པ།    (དྲུག)བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་ནུས་པ་ལྡན་པ་དང་། གཞུང་དཔང་ལས་ཁུངས་ཀྱིས་ཁྲིམས་ལྟར་གནང་བའི་བཙན་ཤེད་ཀྱི་ལག་བསྟར་བྱེད་ནུས་ལྡན་པའི་དབང་ཆ་ཚང་མ་ཡོད་པའི་ཡིག་རིགས་བུན་ལེན་པས་ལག་བསྟར་མི་བྱེད་དུས། བུན་བདག་གིས་བདག་སྐྱོང་དབང་ཆ་ལྡན་པའི་མི་དམངས་ཁྲིམས་ཁང་ལ་ཐད་ཀར་བཙན་ཤེད་ཀྱིས་ལག་བསྟར་བྱེད་པར་ཞུས་ཆོག་པ་ལས། གཏུག་བཤེར་གོ་རིམ་ཡང་བསྐྱར་བརྒྱུད་མི་དགོས་པ་བཅས་སོ།།   ༤.གཞུང་དཔང་ལས་ཁུངས་ཀྱིས་གཞུང་དཔང་དོན་ཚན་གང་དག་སྒྲུབ་དགོས་སམ།    (གཅིག)གན་རྒྱ། (གཉིས)ཤུལ་འཛིན། (གསུམ)མངག་བཅོལ་དང་གསལ་བསྒྲགས། སྤྲོད་པ། ཁ་ཆེམས། (བཞི)རྒྱུ་ནོར་བགོ་བཤའ། (ལྔ)སུས་འཇོན་དེ་འགུག་དང་སུས་འཇོན་དེ་ལེན། ཕམ་ཚོང་། (དྲུག)གཉེན་སྒྲིག་གི་གནས་ཚུལ་དང་ཉེ་འབྲེལ་གྱི་འབྲེལ་བ། ཉར་གསོའི་འབྲེལ་བ།(བདུན)འཁྲུངས་པ་དང་འཆི་བ། འཚོ་གནས། ཐོབ་ཐང་། བརྒྱུད་རིམ། སློབ་སྦྱོང་གི་བརྒྱུད་རིམ། མིང་བཏགས། གོ་གནས། གོ་མིང་། ཁྲིམས་འགལ་ཉེས་བསགས་ཀྱི་ཟིན་ཐོ་ཡོད་མེད།    (བརྒྱད)ཀུང་ཟིའི་སྒྲིག་ཡིག (དགུ)ཉར་སྲུང་བྱེད་དགོས་པའི་བདེན་དཔང་། (བཅུ)ཡིག་རིགས་ཐོག་གི་མིང་འགོད་པ་དང་ཐམ་ག དུས་ཚོད། ཡིག་རིགས་ཀྱི་ཟུར་དེབ་དང་པར་བླངས་ནས་པར་བརྒྱབ་པའི་དེབ་དེ་མ་དེབ་དང་མཐུན་པ་རེད།(བཅུ་གཅིག)རང་བྱུང་མི་དང་ཁྲིམས་མིའམ་རྩ་འཛུགས་གཞན་པ་བཅས་ཀྱིས་རང་འདོད་ཀྱིས་རེ་འདུན་ཞུས་ནས་སྒྲུབ་པའི་གཞུང་དཔང་དོན་ཚན་གཞན་པ་བཅས་སོ།། ༥.གཞུང་དཔང་ཅི་ལྟར་སྒྲུབ་དགོས་སམ།   རང་བྱུང་མི་དང་ཁྲིམས་མི། རྩ་འཛུགས་གཞན་པ་བཅས་ཀྱིས་གཞུང་དཔང་སྒྲུབ་པར་རེ་འདུན་ཞུ་ཚེ། སྡོད་ས་དང་རྒྱུན་དུ་སྡོད་པའི་ས་གནས། བྱ་སྤྱོད་བྱུང་སའམ་དོན་དངོས་བྱུང་ས་བཅས་ཀྱི་གཞུང་དཔང་ལས་ཁུངས་ལ་འདོན་ཆོག   གཞུང་དཔང་སྒྲུབ་པར་རེ་འདུན་ཞུ་བའི་དོ་བདག་པས་གཞུང་དཔང་ལས་ཁུངས་ལ་གཞུང་དཔང་གི་རེ་འདུན་ཞུ་བའི་དོན་ཚན་ནི་བདེན་པ་དང་ཁྲིམས་མཐུན་ཡིན་པ་ཇི་བཞིན་གསལ་བཤད་བྱས་ན། ད་གཟོད་གཞུང་དཔང་ཡིག་རིགས་འདོན་ཆོག   གཞུང་དཔང་གི་གྲོན་དངུལ་ལེན་པ་ནི།«གཞུང་དཔང་ཞབས་འདེགས་ཐད་གྲོན་དངུལ་ལེན་པའི་སྐོར་གྱི་དོ་དམ་བྱེད་ཐབས»ཀྱི་གཏན་ཕབ་གཞིར་བཟུང་སྟེ། དོ་བདག་པའི་དཀའ་ངལ་ངོ་མ་ལྟར་གཞུང་དཔང་གྲོན་དངུལ་ཉུང་དུ་ལེན་རྒྱུ་ཡིན། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་རྩོད་གཞི་སྔོན་འགོག་བྱེད་ཆེད། རྒྱ་ཆེའི་སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་པ་བཅས་ཀྱིས་གོང་གསལ་གྱི་གཞུང་དཔང་སྒྲུབ་པའི་ཁྱབ་ཁོངས་ལྟར་གཞུང་དཔང་ལས་ཁུངས་སུ་ནམ་ཡང་གཞུང་དཔང་སྒྲུབ་ཆོག

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།