བྱུང་འཛིན་ཟེར་བ་ནི་ཕར་ཕྱོགས་ཀྱི་ཚན་པའམ་མི་སྒེར་གང་རུང་གི་ས་ནས་དངོས་རིགས་དང་དངུལ་སོགས་རྩིས་བླངས་པའི་གཞི་འཛིན་དུ་སྤྲོད་རྒྱུའི་ཡིག་རིགས་ཤིག་ཡིན་སྟབས་བྱུང་འཛིན་ཞེས་པའི་མིང་དེ་བཏགས། བྱུང་འཛིན་འབྲི་སྐབས་ཡིག་སྲོལ་ལ་དོ་སྣང་བྱེད་དགོས་པ་སྟེ།
༡.ཐོག་མར་འཛིན་ཡིག་གི་འགོ་ཐོད་དཀྱིལ་དབུས་སུ ༼ བྱུང་འཛིན ༽ཞེས་འཛིན་ཡིག་གི་རིགས་གྲས་མཚོན་པའི་ཁ་བྱང་བྲི་དགོས།
༢ .ལག་ཏུ་སོན་པའི་དངོས་རིགས་དང་དངུལ་སོགས་ཚན་པའམ་མི་སྒེར་གང་གི་ས་ནས་བྱུང་བ་གསལ་པོ་བྲི་དགོས།
༣ .དངོས་རིགས་ཀྱི་མིང་དང༌། ལེགས་ཉེས། ག ས ར་རྙིང༌། བཟོ་དབྱིབས། ཚད་གཞི། ཁ་གྲངས་བཅས་ཆད་ལྷག་མེད་པ་ཁ་གསལ་བྲི་དགོས།
༤.བྱུང་འཛིན་སྤྲོད་མཁན་ཚན་པའམ་མིའི་མིང་དང་ལོ་ཟླ་ཚེས་གྲངས་བཅས་གསལ་པོ་བྲིས་ཐོག་ཚན་པའམ་མི་སྒེར་གྱི་རྟགས་ཐམ་རྒྱག་དགོས།
དཔེ་གཞི༡
བྱུང་འཛིན།
༄༅། །རྫོང་ཉོ་ཚོང་ཀུང་སི་ནས་བློ་མཐུན་བཀྲ་ཤིས་སྟོབས་རྒྱལ་གྱི་མདུན་ལུག་ཤ་རྒྱ་མ་བཅུ་གསུམ་དང༌། རུང་ཁུའུ་སྔོ་ནག་ཨང་གྲངས་བརྒྱ་བྱས་པ་ངོ་གྲངས་ལྔ་བཅུ་ཐམ་པ། ཚྭ་སྤྱི་རྒྱ་ཉིས་སྟོང༌། རྡོ་ཐ་དོ་པོ་ལྔ་བཅས་གྲངས་ཚང་ཉམས་མེད་ལག་སོན་བྱུང་འཛིན་དུ། ××××ཁོ་ཚོང་ཁང་གིས།
××××ལོའི་ཟླ××ཚེས××ལ།
(ཐམ་ཀ)
དཔེ་གཞི༢
བྱུང་འཛིན།
༄༅། །ས་གནས་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་ནས་བརྗེད་ཐོ་འགོད་དེབ་ངོ་གྲངས་བཅུ་དང༌། ལྕགས་སྨྱུག་ངོ་གྲངས་བཅུ་ཐམ་པ་གནང་སོན་བྱུང་འཛིན་དུ། གནམ་གཤིས་ལས་ཁུངས་ཀྱི་གུང་གཞོན་སྡེ་ཚོགས་ཀྲི་པུའུ་ཡི་མཚམས་གཅོད་ཀྱིས།
××××ལོའི་ཟླ××ཚེས××ལ།
(ཐམ་ཀ)
《རྒྱུན་སྤྱོད་ཡིག་རིགས》ལས།