ཅི་ཞིག་ལ་ལན་འདེབས་སྙན་ཞུ་ཟེར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལན་འདེབས་སྙན་ཞུ་ཞེས་པ་ནི་ཡིག་ཐོག་ནས་རིམ་པ་གོང་མས་དོན་གནད་བཀའ་འདྲི་གནང་བར་ལན་འདེབས་སམ་ཡང་ན་ལས་དོན་ཞིག་མངགས་བཅོལ་གནང་བ་དེ་ཇི་ལྟར་བྱ་ནས་སྒྲུབ་མིན་སྐོར་གོང་རིམ་ལ་སྙན་སེང་ཞུས་པ་དེར་བརྗོད་ཅིང༌། སྙན་ཞུ་དེ་རིགས་ནི་གོང་རིམ་གྱིས་མངགས་བཅོལ་གནང་བའི་རེ་བར་གཞིགས་པའི་གནད་དོན་ལ་ལན་བཏབ་སྟེ་ཐག་གཅོད་བྱུང་ལུགས་དང༌། བརྒྱུད་རིམ་མཇུག་འབྲས་བཅས་གསལ་བཤད་ཞུ་བ་ཞིག་ཡིན།

དཔེ་གཞི། 

༄༅། །གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གཞུང་ལས་ཁང་ལ།

ཆེད་ཞུ།

××××ལོའི་ཟླ××ཚེས××ཉིན་གྲོང་སྤྱི××མཆོག་གིས་མཆན་འགོད་གནང་བའི་རང་རེའི་རྫོང་གི་ལས་སྒུག་བློ་མཐུན××གྱི་ཞུ་གཏུག་ཡི་གེ་ཞིག་ཕུལ་བ་ལག་སོན་བྱུང་གསལ་རང་རེའི་རྫོང་གི××གྱིས་དེ་སྔོན་རྫོང་སློབ་ཆུང་དུ་ལས་ཀ་བྱེད་པའི་གོ་སྐབས་དང་བསྟུན་ནས་དངུལ་དང་དངོས་པོ་མི་ཉུང་བ་ཞིག་ལྐོག་བཟས་བྱས་རྐྱེན××××ལོའི་ཟླ××××ཚེས××ཉིན་ལས་ཁུངས་ནས་ཕྱིར་འབུད་དང་འབྲེལ་ངལ་རྩོལ་བསྒྱུར་བཀོད་ཀྱི་ཆད་པ་བཅད་པའི་སྐོར་ལ་ང་ཚོས་བསྐྱར་ཞིབ་དང་བརྟག་དཔྱད་བྱས་པ་བརྒྱུད་དེ་སྔའི་ཐག་གཅོད་དེ་འཚམས་མིན་ལ་བརྟེན×××ལོའི་ཟླ××ཚེས××ཉིན་ཐག་གཅོད་དེ་རྩིས་མེད་དུ་བཏང་རུང་བློ་མཐུན××སྤྱི་ལོ××××ལོའི་ཟླ××ཚེས××ཉིན་ནད་ཀྱིས་མནར་ནས་ཚེ་ལས་འདས་ཟིན། ད་ལྟ་ཁྱིམ་དུ་ཡོད་པའི་ཕྲུ་གུ་གཉིས་ཀྱི་འཚོ་བར་དཀའ་ངལ་ངེས་ཅན་འདུག་པས་ཕྲུ་གུ་དེ་གཉིས་ལོ་བཅོ་བརྒྱད་ལ་མ་སོན་བར་དང༌། ལོ་ན་སོན་མཚམས་ལས་འཚོལ་བྱ་རྒྱུའི་ཐད་རྒྱལ་ཁབ་ཀྱི་གཏན་འབེབས་དང་ཀྲུང་དབྱང་གི་རྒྱལ་ཡོངས་ངལ་རྩོལ་ལས་འཚོལ་ལས་དོན་ཚོགས་འདུའི་དགོངས་དོན་གཞིར་བཟུང་སྟེ་ཟླ་རེའི་འཚོ་རྟེན་སྤྲོད་རྒྱུ་དང༌། སླད་རྫོང་འབྲེལ་ཡོད་ཚན་པས་ལས་འཚོལ་རོགས་རམ་བྱ་རྒྱུ་ཐག་གཅོད་ཟིན་པ་འཐུས་མིན་བཀའ་སློབ་ཡོད་པ་མཁྱེན།

××རྫོང་མི་དམངས་སྲིད་གཞུང་གིས།

××××ལོའི་ཟླ××ཚེས××ལ།

《རྒྱུན་སྤྱོད་ཡིག་རིགས》ལས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།