མཚོ་སྔོན་གྱིས་དམངས་ཚིས་ཁྱབ་ཁོངས་ཀྱི་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་ཆེད་དོན་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཉེ་དུས་ཀྱི་བྱ་བའི་བཀོད་སྒྲིག་ལྟར། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་ནང2025ལོའི་དམངས་ཚིས་ཁྱབ་ཁོངས་ཀྱི་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་ཆེད་དོན་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ།

ཁྱབ་ཁོངས་གཙོ་བོར་དམིགས་ནས། གནད་ཕིགས་རྟོག་དམ་ལག་བསྟར་བྱས་པ་དང་། ཆེད་དོན་འགུལ་སྐྱོད་ཀྱིས་སྟེགས་བུའི་དཔལ་འབྱོར་གྱི་དྲ་ཡོངས་ཀྱི་ཆེས་དམའ་བའི་རིན་གོང་གི་བཙན་སྐུལ་སྲོལ་ཡིག་དང་རང་གིས་རང་ལ་གཟིགས་སྐྱོང་བྱེད་པ་སོགས་ཀྱི་རིགས་གསར་བའི་སྒེར་སྡེམ་གནད་དོན་ཚད་ལྡན་དུ་བཏང་། རང་བྱུང་སྒེར་སྡེམ་ལས་རིགས་ཀྱི་ཉོ་ཚོང་དང་ལེན་མི་བྱེད་པ་དང་ལུགས་མཐུན་མིན་པའི་ཉོ་ཚོང་ཆ་རྐྱེན་ཟུར་སྣོན་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་པ་དང་། གསོ་རིག་སྨན་རྫས་ཁྱབ་ཁོངས་ཀྱི་ཚོད་འཛིན་སྨན་རྫས་བརྒྱུད་འཚོང་གི་ཆེས་དམའ་བའི་རིན་གོང་དང་གཏན་ཁེལ་སྨན་རྫས་ཀྱི་རིན་གོང་ཐད་ཀྱི་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་བྱེད་ཚད་ལ་ཤུགས་བསྣན་ལ། ལས་རིགས་མཐུན་ཚོགས་རྩ་འཛུགས་ཀྱིས་སྒེར་སྡེམ་གྲོས་མཐུན་འགོད་པའི་སྤྱོད་ཚུལ་ཡོ་བསྲང་བྱས་པ་དང་། ཨར་ལས་རྒྱུ་ཆས་དང་འཕྲུལ་སྒུལ་འཁོར་ལོའི་ལྟ་ཞིབ་ལ་གྲལ་བཤེར་བྱེད་པ་སོགས་དམངས་ཚིས་ལས་རིགས་ཀྱི་སྒེར་སྡེམ་དང་འབྲེལ་བའི་དོགས་ཡོད་སྤྱོད་ཚུལ་དང་ཁུངས་སྣེའི་གནད་འགག་ཁྱབ་ཁོངས་ཆེན་པོ་དྲུག་ནས་འབེན་ཕྱོགས་རྟོག་དམ་ལག་བསྟར་བྱས་ནས། ཕྲེང་འབྲེལ་ཧྲིལ་བོའི་ཁྲིམས་འཛིན་ཀྱི་མཐོ་གནོན་རྣམ་པ་གྲུབ་པར་བྱས།

ཁྲིམས་འཛིན་བྱེད་ཐབས་ཇེ་དྲག་ཏུ་བཏང་བ་དང་། རྟོག་དམ་ཕན་ནུས་མཐོར་འདེགས་བཏང་ལ། སྔོན་འགོག་དང་ཆད་གཅོད་ཟུང་འབྲེལ་གྱི་སྐས རིམ་ཁྲིམས་འཛིན་རྐྱེན་སྲོལ་བཙུགས་ཤིང་། སྲིད་འཛིན་འབོད་གླེང་དང་གསལ་འདེབས་བསླབ་འདོམས་སོགས་ཞི་འཇམ་གྱི་བྱེད་ཐབས་བརྒྱུད་དེ་རྟོག་དམ་ཀྱི་འགག་སྒོ་སྔོན་བསྣུར་བྱས་པ་དང་། དུས་ཐོག་ཏུ་སྒེར་སྡེམ་གྱི་སྤྱོད་ཚུལ་ཚད་ལྡན་དུ་བཏང་། དུས་ཡོལ་རུང་དག་ཐེར་ལེགས་བཅོས་མ་བྱས་པ་དང་དག་ཐེར་ལེགས་བཅོས་བྱེད་ཚད་མི་འདང་བ། ཡང་ན་དག་ཐེར་ལེགས་བཅོས་བྱས་རྗེས་ཡང་བསྐྱར་བྱུང་བའི་གནད་དོན་དག་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས། སྒེར་སྡེམ་གྱི་གྱོད་གཞི་ལ་བརྟག་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད། གཉོར་སྐྱོང་བྱེད་མཁན་དམ་བཅའ་དང་བརྟག་བཤེར་བྱེད་མཚམས་འཇོག་པ་སོགས་ཀྱི་ལམ་ལུགས་བཀོལ་ནས་ཁྲིམས་འཛིན་ཕན་ནུས་ཆེས་ཆེ་བར་བསྒྱུར་པ་དང་། ཁྲིམས་འགལ་སྤྱོད་ཚུལ་ཚབས་ཆེན་ལ་ཁྲིམས་ལྟར་ཆད་གཅོད་བྱས་ནས། གྱོད་གཞི་ཞིབ་གཅོད་ཀྱི་སྤུས་འབྲས་ལ་ཁག་ཐེག་བྱས།

ཁུངས་སྣེའི་ཐབས་ལམ་རྒྱ་བསྐྱེད་པ་དང་། མཉམ་བཅོས་ཀྱི་རྣམ་པ་གྲུབ་པར་བྱས་ལ། དྲ་ཐོག་ཡུལ་དངོས་ཀྱི་ལངས་གཟུགས་་ཅན་གྱི་ཁུངས་སྣེ་སྡུད་རུབ་དྲ་རྒྱ་བཙུགས་པ་དང་། 12315སྟེགས་བུ་དང་འཕྲིན་བཅར་ཞུ་གཏུག གོང་རིམ་སྤྲོད་སྒྲུབ། གཅིག་བསྡུས་གྲལ་བཤེར་སོགས་ཀྱི་བྱེད་ཐབས་མང་པོ་དང་ཐབས་ལམ་མང་པོར་རྒྱབ་བརྟེན་ནས། སྒེར་སྡེམ་སྤྱོད་ཚུལ་གྱི་ཁུངས་སྣེ་འཚོལ་སྡུད་དང་འཚོལ་ཞིབ། གྲལ་བཤེར་བྱས། སྣེར་སྡེམ་ཁུངས་སྣེའི་ཆེད་དོན་རྩིས་ཐོ་བཙུགས་པ་དང་། ཁུངས་སྣེ་ཐོ་འགོད་དོ་དམ་བཟང་བོ་བྱས་ལ། འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། གོང་འོག་མཉམ་འབྲེལ་བྱས་ཏེ། རྒྱུན་མཐུད་ངང་སྣེ་ཞིབ་གཅོད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཆེད་དོན་འགུལ་སྐྱོད་དེ་ད་ལོའི་ཟླ12པའི་ཟླ་མཇུག་བར་དུ་སྤེལ་རྒྱུ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ཚོང་ར་ལྟ་སྐུལ་དོ་དམ་མ་ལག་གིས་སྟོབས་ཤུགས་ཡོད་རྒུས་དམངས་ཚིས་ཁྱབ་ཁོངས་ཀྱི་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ལྟ་རྟོག་དོ་དམ་དང་ཁྲིམས་བསྟར་ལ་ཤུགས་སྣོན་པ་དང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས་ནས། མཚོ་བོད་མཐོ་སྒང་གི་འདྲ་མཉམ་འགྲན་རྩོད་ཀྱི་མཐོ་ས་གསར་བ་གསར་སྐྲུན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།