མཚོ་སྔོན་གྱི་ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་བསྟུད་མུར་ལོ་བཞིའི་རིང་ལ་ཞའེ་ཁྲེན་གྱི“ཀྲུང་གོའི་ངེས་པར་བསྐྱོད་སའི་ལྗོངས་ཁུལ100”ཡི་མིང་ཐོར་བདམས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6ཚེས18ཉིན། གསར་འགོད་པས་ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་ནས་ཤེས་གསལ་ལྟར་ན། ཞའེ་ཁྲེན་ཡུལ་སྐོར་དྲ་བས(携程旅行网)ཉེ་ལམ“2025ལོར་ཀྲུང་གོའི་ངེས་པར་བསྐྱོད་སའི་ལྗོངས་ཁུལ100”ཁྱབ་སྒྲོག་བྱས།  མཚོ་སྔོན་ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་གྱིས་ཁྱད་དུ་འཕགས་པའི་རང་བྱུང་ཡུལ་ལྗོངས་དང་སྤུས་ལེགས་པའི་ཡུལ་སྐོར་ཞབས་ཞུ་ལ་བརྟེན་ནས་བསྟུད་མུར་ལོ་ངོ་བཞིའི་རིང་ལ་མིང་ཐོ་དེའི་ནང་བདམས་ནས་རྒྱལ་ནང་གི་སྐྱེ་ཁམས་ཡུལ་སྐོར་གྱི་དཔེ་མཚོན་ལྡན་པའི་དམིགས་ས་ཉག་ཅིག་ཏུ་གྱུར་བ་མ་ཟད།  མིང་ཐོ་དེར་ཐེངས་དུ་མར་བདམས་པའི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལྗོངས་ཁུལ་གཅིག་པུ་རེད།

ཞའེ་ཁྲེན་ཡུལ་སྐོར་དྲ་བའི“2025ལོར་ཀྲུང་གོའི་ངེས་པར་བསྐྱོད་སའི་ལྗོངས་ཁུལ100”ཡི་མིང་ཐོ་དེ་ནི་དྲ་ཐོག་གི་དྲ་མི་ཁྲི་མ་འབུམ་གྱིས་དཔྱད་འཇོག་དངོས་དང་། འཚོལ་བཤེར་བྱེད་མང་པ།  བརྗོད་དོན་དང་ཧ་ཅང་འཚམ་པ།  ལྗོངས་ཁུལ་སྙན་གྲགས་ཀྱི་སྐར་གྲངས།  མིང་ཐོ་དེར་ཚུད་པའི་དུས་ཡུན། དེ་མིན་ཆེད་མཁས་པའི་དཔྱད་ཞིབ་བཅས་ཕྱོགས་བསྡུས་ཀྱི་དཔྱད་འབྲས་ལ་བརྟེན་ནས་བྱུང་བ་ཞིག་རེད།   ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་གྱིས“མཚན་མོར་ཚྭ་མཚོ་ལས་ནམ་མཁའ་སྐུལ་ཚིགས་ལ་ལྟ་བ།   ནམ་མཁའི་མེ་ལོང་ལྟ་བུའི་མཚོ་ངོས་སུ་བསྐྱོད་པ”ལ་སོགས་ལ་བརྟེན་ནས་ལོ་བཞིའི་ནང་ཀུན་གྱིས་བསྟོད་བསྔགས་ཐོབ་པའི་མིང་ཐོར་ཚུད།  ཐེངས་འདིར་མིང་ཐོར་ཚུད་པ་དེས་ཀྱང་“ནམ་མཁའ་མེ་ལོང་”ཞེས་པའི་ཚྭ་ཁའི་ཚྭ་མཚོ་དེ་རྒྱལ་སྤྱིའི་ཡུལ་སྐོར་ཁྲོམ་རའི་སྟེང་གི་མཚན་སྙན་གྲགས་སྔར་ལས་ཇེ་བརྟན་དུ་བཏང་། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།