ལྔ་བའི་བ་བཞིའི་གུང་གསེང་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི111.88སྣེ་ལེན་བྱས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

2025ལོའི་ལྔ་བའི་བ་བཞིའི་གུང་གསེང་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི111.88སྣེ་ལེན་བྱས་པ་དང་། དེ་དུས་མཚུངས་ལས14.75%འཕར་བ་དང་། ཡུལ་སྐོར་གྱི་ཡོང་སྒོ་བསྡོམས་པས་སྒོར་དུང་ཕྱུར6.38ཟིན་ཞིང་། དེ་དུས་མཚུངས་ལས15.5%ཡར་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་བདེ་འཇགས་བརྟན་ལྷིང་དང་གོ་རིམ་ལྡན། 

ད་ལོའི་ལྔ་བའི་བ་བཞིའི་དུས་ཆེན་དང་དྲུག་གཅིག་བྱིས་པའི་དུས་ཆེན་གཉིས་དུས་གཅིག་ཏུ་འཕྲད་ཡོད་པས། དམངས་སྲོལ་ཡུལ་སྐོར་དང་ཁྱིམ་ཚང་གི་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ཡུལ་སྐོར་བ་མང་པོ་ཡོད། ས་གནས་སོ་སོས་གུང་གསེང་གི་ཁྱད་ཆོས་ལ་དམིགས་ནས་བརྗོད་གཞི་མངོན་གསལ་དོད་ཅིང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་ནས། ཡུལ་སྐོར་མཁོ་སྤྲོད་མང་དུ་བཏང་བ་དང་ གྲོང་མི་དང་ཡུལ་སྐོར་བའི་དགོས་མཁོ་བསྐངས། ཞིང་ཆེན་ཡོངས་སུ་བསྡོམས་པས་རིག་གནས་བྱེད་སྒོ་སྣ་ཚོགས་ཐེངས162སྤེལ་བ་དང་། མི་ཐེངས་ཁྲི10.1ལ་ཕན་ཁེ་ཐོབ། ནུབ་མཚོའི2261རྨ་ཙོང་རིག་གནས་ཚོགས་ཆེན་སྟེང་རིག་གནས་འགྲེམས་སྟོན་དང་རིག་གནས་བྱང་བུ་རྒྱག་པ། རིག་གནས་བྱེད་སྒོ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་བརྗོད་དོན་བཞི་བཏོན་ནས། གྲོང་མི་དང་ཡུལ་སྐོར་བ་མང་པོ་དེའི་ནང་ཞུགས། ཉིན3རིང་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི33.51ལ་ཞིབ་བཤེར་བྱས་ནས། འཛད་སྤྱོད་སྒོར་ཁྲི67.52ལ་སླེབས།

ཞིང་ཆེན་ཡོངས་ཀྱི་རྟེན་མཛོད་ཁང་གིས་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་ཐེངས36སྤེལ་བ་དང་། མི་ཐེངས་ཁྲི3.37ལ་སྣེ་ལེན་བྱས། དྲ་ཐོག་གི་ལྟ་སྐོར་བ་མི་ཐེངས་ཁྲི5.87ཟིན། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གིས་མི་ཐེངས་ཁྲི1.18ལ་སྣེ་ལེན་བྱས། མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་གིས་དཔེ་སྦྱིན་དང་བྱིས་པའི་རི་མོའི་བརྩམས་ཆོས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས། དཔེ་དེབ་སྤུས་ལེགས30བྱིན་པ་དང་། དཔེ་མཛོད་ཁང་དུ་ཡོང་བའི་བྱིས་པ་མི་ཐེངས2000ཙམ་ཡོད། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གིས་ཡིག་གཟུགས་འགྲེམས་སྟོན་བྱས་པ་དང་། ལྟ་སྐོར་བ་མི་ཐེངས366ཟིན། ཟི་ལིང་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་གར་སྟེགས་ཆེན་པོའི་རིག་གནས་དམངས་ཕན་འཁྲབ་སྟོན་དང་། ཧོང་ཀྲུང་རྒྱ་འཆམ། པེ་ཁྲོན་ཆིན་ཐང་མཁར་གྱི་ལྔ་བའི་བ་བཞིའི་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ། དེ་དང་ཆབས་ཅིག གྲོང་ཁྱེར་དང་ཁུལ་སོ་སོས་ཀྱང་ལྔ་བའི་བ་བཞི་དང་དྲུག་གཅིག་བྱིས་པའི་དུས་ཆེན་རོལ་ཏེ། གྲོང་མི་དང་ཡུལ་སྐོར་བའི་རིག་གནས་ཉམས་ལེན་ཕུན་སུམ་ཚོགས་སུ་བཏང་། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།