མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5ཚེས5ཉིན། ཞའེ་འཕྲིན(携程)གྱིས《“ལྡ་གཅིག”གུང་གསེང་ཡུལ་སྐོར་གཞི་གྲངས་སྙན་ཞུ》ཁྱབ་སྒྲོག་ལས། “ལྔ་གཅིག”གུང་གསེང་སྐབས་སུ། རྒྱལ་ནང་གི་རིག་གནས་ཡུལ་སྐོར་ཁྲོམ་ར་ཆེ་ཆེར་སླར་གསོ་བྱུང་བཞིན་པའི་སྐབས་འདིར། མཚོ་སྔོན་གྱིས་རང་ལ་ཡོད་པའི་རང་བྱུང་གི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་མི་རིགས་ཀྱི་རིག་གནས་ཐུན་མིན་ལ་བརྟེན་ནས་ལམ་ཐག་རིང་ཤོས་ཀྱི་ཡུལ་སྐོར་བྱེད་གནས་སུ་གྱུར་ཏེ། ལྗོངས་ཁུལ་གྱི་པ་སེ་བྲིན་འཚོང་གི་ཚད་ན་ནིང་གི་དུས་མཉམ་ལས་ལྡབ་གཉིས་འཕར་ནས་ཡུལ་སྐོར་ཁྲོམ་རའི་ཁྲོད་ཡུལ་སྐོར་བ་འགུག་ཤུགས་ཧ་ཅང་ཆེ་བའི་གནས་སུ་སོང་བ་མངོན་ཡོད། དེ་ཡང་ མཚོ་སྔོན་གྱི་ཡུལ་སྐོར་པ་སེ་མངག་ཉོ་བྱས་ཚད་དུས་མཉམ་ལས10%འཕར་བ་དང་། གནམ་གྲུ་པ་སེ་ཉོས་ཚད་ན་ནིང་དུས་མཉམ་ལས24%འཕར། མཚོ་སྔོན་གྱི་ས་ཁོངས་སུ་འབྱོར་བའི་མངག་ཉོ་བྱས་ཚད་ན་ནིང་གི་དུས་མཉམ་ལས113%འཕར་བ་བཅས་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་རའི་ཡུལ་སྐོར་བྱེད་གནས་ཁྱད་པར་བ་ཞིག་ཏུ་གྱུར།
མཚོ་སྔོན་གྱིས་རང་བྱུང་གི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་། མི་རིགས་ཀྱི་ཐུན་མིན་རིག་གནས། སྣ་མང་ཅན་གྱི་ཡུལ་སྐོར་ཐོན་རྫས་བཅས་ལ་བརྟེན་ནས་ཡུལ་སྐོར་བ་མང་པོ་ཚུར་བཀུགས་ཡོད། ཞའེ་འཕྲིན་གྱི་གཞི་གྲངས་ལྟར་ན། མཚོ་སྔོན་སོགས་ཡུལ་སྐོར་ལམ་ཐིག་རིང་ཤོས་ཀྱི་ཡུལ་སྐོར་བྱེད་སའི་ལྗོངས་ཁུལ་གྱི་པ་སེ་བྲིན་འཚོང་བྱས་ཚད་ན་ནིང་དང་བསྡུར་ན་ལྡབ་གཅིག་ནས་གཉིས་འཕར་ཡོད། “ལྔ་གཅིག”གུང་གསེང་གི་སྐབས་སུ་མཚོ་སྔོན་ཚྭ་ཁའི་ཚྭ་མཚོ་ནི་ཡུལ་སྐོར་བ་ཆེས་མང་པོའི་གནས་སུ་གྱུར་ཡོད།
གཞན་མཚོ་སྔོན་གྱི་ཡུལ་སྐོར་འཛད་སྤྱོད་ཁྲོམ་ར་གསོན་ཤུགས་དྲག་པོ་ཞིག་རྒྱས་ཡོད་དེ། མཚོ་སྔོན་གྱི་ཡུལ་སྐོར་འཛད་སྤྱོད་དེ་པ་སེ་དང་མགྲོན་ཁང་མངག་ཉོ་སོགས་ལས་མངོན་ཐུབ་པར་མ་ཟད། བཟའ་བཏུང་དང་། ཉོ་སྒྲུབ། རོལ་རྩེད་ལ་སོགས་ཕྱོགས་དུ་མ་ནས་མཐོང་ཐུབ། དཔེར་ན་མཚོ་སྔོན་གྱི་ཞོ་དང་། ལུག་ཤ་ལ་སོགས་དེའི་བྲོ་བ་མྱོང་མཁན་ཡུལ་སྐོར་བ་མང་པོ་སྐོར་དང་སྐོར་བྱས་ནས་ཚུར་རུབ་འོང་བ་ལྟ་བུ་རེད། དེ་མིན“ལྔ་གཅིག”གུང་གསེང་སྐབས་མཚོ་སྔོན་གྱི་མིའི་ཆ་སྙོམས་ཀྱི་བོགས་གཏོང་རླངས་འཁོར་འཛད་སྤྱོད་བྱེད་ཚད་ན་ནིང་གི་དུས་མཉམ་ལས24%འཕར་ཡོད་པས། རང་གིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་དུ་འགྲོ་མཁན་དང་ཡུལ་སྐོར་འཛད་སྤྱོད་ཀྱི་རིམ་པ་ཇེ་མཐོར་ཕྱིན་ཚུལ་མངོན་ཡོད།
གཟུགས་འདས་རིག་གནས་ཤུལ་བཞག་བརྗོད་གཞིར་བཟུང་བའི་ཡུལ་སྐོར་དེ་ཁྱད་ཆོས་གསར་པ་ཞིག་ཏུ་གྱུར།
“ལྔ་གཅིག”གུང་གསེང་གི་སྐབས་སུ། “རྒྱལ་ཡོངས་ཀྱི་ཡུལ་སྐོར་ཚ་རླབས”དེ་རང་བཞིན་གྱིས་ཞིང་ཆེན་ཡོངས་ལ་ཁྱབ། ཞའེ་འཕྲིན་གཞི་གྲངས་ལྟར་ན། མཚོ་སྔོན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་བརྗོད་གཞིར་གྱུར་བའི་གནས་འགངས་ཆེན་རིགས་དྲ་ཐོག་ཏུ་འཚོལ་བཤེར་བྱེད་ཚད་དྲག་ཏུ་འཕེལ་བ་དང་། འབྲེལ་ཡོད་ལྗོངས་ཁུལ་གྱི་པ་སེ་མངག་ཉོ་བྱས་ཚད་ན་ནིང་གི་དུས་མཉམ་ལས132%འཕར། ཞིང་ཆེན་ནང་ཁུལ་གྱི་ལྗོངས་ཁུལ་དུ་མས་གཟུགས་འདས་རིག་གནས་ཤུལ་བཞག་ལ་མྱོང་རོལ་བྱེད་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། སྲོལ་རྒྱུན་རིག་གནས་དང་ཡུལ་སྐོར་གཉིས་ཟུང་འབྲེལ་གྱི་ལམ་ནས་དེ་ལ་རྒྱུས་ལོན་དང་མྱོང་རོལ་བྱེད་དུ་བཅུག་ནས་མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་སྔར་བས་ཁྱབ་གདལ་དུ་བཏང་། གཞན་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་མཚོ་སྔོན་གྱི་འཁྲབ་སྟོན་རིགས་ལ་ལྟ་ས་ཡང་ཡུལ་སྐོར་བ་རྣམས་ཀྱི་འདེམས་གསེས་དང་པོར་གྱུར་ཡོད་དེ། དཔེར་ན་ཟི་ལིང་གི《བོད་དབྱངས》ཀྱི་འཁྲབ་སྟོན་ལ་སོགས་ལྟ་བུ་ཡུལ་སྐོར་བ་དགའ་བོ་བྱེད་ས་ཞིག་ཏུ་གྱུར་ཡོད།
ཟི་ལིང་དུ་ཡོང་མཁན་ཡུལ་སྐོར་མངག་ཉོ་བྱེད་ཚད་ན་ནིང་གི་དུས་མཉམ་ལས74%འཕར།
ཞའེ་འཕྲིན་གཞི་གྲངས་ལྟར་ན། ཟི་ལིང་གི་གནམ་གྲུ་པ་སེ་མངག་ཉོ་བྱེད་ཚད་ན་ནིང་གི་དུས་མཉམ་ལས25%འཕར་བ་དང་། མཚོ་སྔོན་ས་ཁོངས་ཀྱི་ཡུལ་སྐོར་མངག་ཉོ་བྱེད་ཚད་ན་ནིང་གི་དུས་མཉམ་ལས74%འཕར། ཟི་ལིང་གི་མགྲོན་ཁོངས་གཙོ་བོ་ལན་གྲུ་དང་། ཞི་ཨན། པེ་ཅིང་། ཁྲི་འདུ། ཧྲང་ཧའེ་སོགས་ས་གནས་ཀྱི་རེད་ལ། ཚ་འུར་ཆེ་སའི་ལྗོངས་ཁུལ་ནི་སྐུ་འབུམ་དགོན་དང་། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་ཁང་། ཟི་ལིང་རི་སྐྱེས་སྲོག་ཆགས་ར་བ་སོགས་རེད། ལྗོངས་ཁུལ་དེ་དག་གིས་སོ་སོའི་རང་བྱུང་གི་བཀོད་པ་དང་རྫོང་མཐུག་པོའི་རིག་གནས་ལ་སོགས་ཁྱད་ཆོས་ལ་བརྟེན་ནས་ཡུལ་སྐོར་བ་རྣམས་ཀྱི་ཡིད་དབང་བཀུགས།
“ལྔ་གཅིག”གུང་གསེང་སྐབས། མཚོ་སྔོན་གྱི་ཡུལ་སྐོར་ཁྲོམ་རར་སླར་གསོ་ཆེན་པོ་ཞིག་བྱུང་བའི་རྣམ་པ་མངོན། ཞའེ་འཕྲིན་གྱི་གཞི་གྲངས་ལྟར་ན། མཚོ་སྔོན་དུ་ཡུལ་སྐོར་ཡོང་བའི་པ་སེ་མངག་ཉོ་བྱེད་ཚད་ན་ནིང་གི་དུས་མཉམ་ལས10%འཕར་བ་དང་། གནམ་གྲུའི་པ་སེ་མངག་ཉོ་བྱེད་ཚད་ན་ནིང་གི་དུས་མཉམ་ལས24%འཕར། ཡུལ་སྐོར་པ་སེ་མངག་ཉོ་བྱེད་ཚད་ན་ནིང་གི་དུས་མཉམ་ལས113%འཕར། སྐུ་མགྲོན་གྱི་ཡོང་ཁུངས་གཙོ་བོ་ལན་གྲུ་དང་། ཞི་ཨན། པེ་ཅིང་། ཁྲི་འདུ། ཧྲང་ཧའེ་སོགས་ནས་ཡིན་ཞིང་། ཡུལ་སྐོར་འགྲོ་འོང་ཚ་རླབས་ཆེ་བའི་ལྗོངས་ཁུལ་ནི་མཚོ་སྔོན་པོ། ཚྭ་ཁའི་ཚྭ་མཚོ་དང་། ཝུའུ་སུའུ་ཐེ་ཆུ་ཐོག་གི་ས་དམར་ས་གཤིས་སྤྱི་གླིང་། སྐུ་འབུམ་དགོན། ཟི་ལིང་རི་སྐྱེས་སྲོག་ཆགས་ར་བ་སོགས་རེད། ལྗོངས་ཁུལ་དེ་དག་གིས་སོ་སོའི་རང་བྱུང་གི་བཀོད་པ་དང་རྫོང་མཐུག་པའི་རིག་གནས་བཅས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཡུལ་སྐོར་བ་རྣམས་ཀྱིས་དགའ་བསུ་བྱེད་པའི་ཡུལ་སྐོར་བྱེད་ས་རུ་གྱུར།
ལྗོངས་ཁུལ་གྱི་པ་སེ་བྲིན་འཚོང་བྱེད་ཚད་ན་ནིང་གི་དུས་མཉམ་ལས་ལྡབ་གཉིས་འཕར།
མཚོ་སྔོན་གྱིས་ལྟ་ན་སྡུག་པའི་རང་བྱུང་གི་བཀོད་པ་དང་ཐུན་མིན་གྱི་མི་རིགས་རིག་གནས། སྣ་མང་གི་ཡུལ་སྐོར་ཐོན་རྫས་བཅས་ལ་བརྟེན་ནས་ཡུལ་སྐོར་བ་འབོར་ཆེན་བཀུགས། ཞའེ་འཕྲིན་གཞི་ལྟར་ན། མཚོ་སྔོན་སོགས་ལམ་ཐག་རིང་ཤོས་ཀྱི་ཡུལ་སྐོར་བྱེད་སའི་ལྗོངས་ཁུལ་གྱི་པ་སེ་འཚོང་འབོར་ན་ནིང་གི་དུས་མཉམ་ལས་ལྡབ་གཅིག་ནསགཉིས་འཕར། གཞན་ཡུལ་སྐོར་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་ཆེན་པོ་ཞིག་འཕེལ་བ་དང་། དེ་ལྗོངས་ཁུལ་གྱི་པ་སེ་དང་མགྲོན་ཁང་མངག་ཉོ་ཁོ་ན་མ་ཡིན་པར་བཟང་བཏུང་དང་། ཉོ་སྒྲུབ། རོལ་རྩོད་ལ་སོགས་ཕྱོགས་དུ་མ་ནས་མངོན་ཐུབ། དཔེར་ན་མཚོ་སྔོན་གྱི་ཞོ་དང་། ལུག་ཤ་ལ་སོགས་དེའི་བྲོ་བ་མྱོང་མཁན་ཡུལ་སྐོར་བ་མང་པོ་སྐོར་དང་སྐོར་བྱས་ནས་རུབ་འོང་། དེ་མ་ཟད་མཚོ་སྔོན་གྱི་མིའི་ཆ་སྙོམས་ཀྱི་བོགས་འཁོར་འཛད་སྤྱོད་ཀྱི་ཚད་ཀྱང་ན་ནིང་གི་དུས་མཉམ་ལས24%འཕར་བས། རླངས་འཁོར་རང་གིས་བསྐོར་ནས་ཡུལ་སྐོར་བྱེད་མཁན་ཇེ་མང་དང་ཡུལ་སྐོར་འཛད་སྤྱོད་ཀྱི་རིམ་པ་ཡང་ཇེ་མཐོར་ཕྱིན་ཚུལ་ཞིག་མངོན་ཡོད།