མཚོ་སྔོན་ཞིང་ཆེན་དངོས་མང་རྟེན་མཛོད་ཁང་གིས“ལྔ་གཅིག”གུང་གསེང་སྐབས་སུ་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་དུས་མཉམ་ལས40%འཕར་ཡོད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག”གུང་གསེང་སྐབས་སུ་མཚོ་སྔོན་ཞིང་ཆེན་དངོས་མང་རྟེན་མཛོད་ཁང་གིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི2.6སྣེ་ལེན་བྱས་པ་དེ་དུས་མཉམ་ལས40%འཕར་ཡོད་པས་བྱེད་སྒོ་སྔོན་ནས་དུས་བཅད་བྱས་ཚུལ་ན་ནིང་ལས་མངོན་གསལ་གྱིས་ཇེ་མཐོར་གྱུར་ཡོད།

མང་ཚོགས་ཀྱི་དགོས་མཁོ་སྔར་བས་སྐོང་བ་དང་དངོས་མང་རྟེན་མཛོད་ཁང་གི“ཉར་ཚགས་དོ་དམ་དང་། རིག་གཞུང་ཞིབ་འཇུག  སྤྱི་ཚོགས་སློབ་གསོ”བཅས་གནས་གསུམ་གཞི་གཅིག་གི་ལྟེ་བའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས།  “ལྔ་གཅིག”གུང་གསེང་སྐབས་སུ་ཞིང་ཆེན་དངོས་མང་རྟེན་མཛོད་ཁང་གིས “བཟོ་རྩལ་རྒྱུན་འཛིན་དང་སྤུས་དག་རིག་དངོས”ཀྱི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ། “ཉིན་ལྔ་ལ་ཉམས་ལེན་གསར་པ་རིགས་ལྔའི”སློབ་སྦྱོང་ལ་སྤྲོ་སྐྱིད་དང་ངལ་རྩོལ་ལག་ལེན་དང་ལོ་རྒྱུས་འཚོལ་ཞིབ་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱིས་ཉམས་ལེན་ཁྲོད་རིག་གནས་དངོས་མང་རྟེན་མཛོད་ཁང་གི་ངོ་མཚར་ཉམས་སུ་མྱོང་།

ཐེངས་འདིའི་བྱེད་སྒོ་རབ་དང་རིམ་པས“རིག་དངོས་ལ་སྐད་ཆ་བཤད་དུ་འཇུག་པ་དང་། ལོ་རྒྱུས་ཞུགས་ཐུབ་ཏུ་འཇུག་པ”འདུ་ཤེས་སུ་བྱས་ནས་ལོ་ན་མི་འདྲ་བའི་ལྟད་མོ་བ་ཚང་མར་རིག་གནས་ཀྱི་ཐུན་མོང་ཚོར་བ་མྱོང་དུ་བཅུག  སྤྱི་ཕན་བྱེད་སྒོས“ སྣག་ཐིགས་ཁྲོད་ཀྱི་ཤར་ཕྱོགས་མཛེས་རིག་པའི” གནའ་བོའི་ཡིག་ཁང་གི་ཡོ་བྱད་ཀྱི་བློ་གྲོས་ལ་དམིགས་ནས། བར་ཐག་ཉེ་བའི་སྒོ་ནས་ཞོན་ཝུའུ་སྣག་ཐིགས་ལ་མྱོང་རོལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རླུང་གནོན་གྱི་རྩ་བའི་རིགས་པ་འགྲེལ་བ།  གསར་རྩོམ་ཉམས་ལེན་མྱོང་རོལ་བྱས་པ་བརྒྱུད་ཕ་མས་བུ་ཁྲིད་ཀྱི་ཁྱིམ་ཚང་ཚོགས་ཆུང20ཡི་སྣེ་ཁྲིད་དེ་གནའ་མིའི“སྣག་ཚའི་ཚན་རྩལ”རྒྱབ་ཀྱི་དངོས་ལུགས་འཆར་ཡན་མྱོང་རོལ་བྱེད་དུ་བཅུག

ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོར་ཉིན4ཡོད་པ་དང་བརྗོད་དོན་ལག་ལེན་གནའ་དེང་བར་སྦྲེལ་ཡོད། ལོ་རྒྱུས་སྔོན་གྱི་ཚོན་རིས་རྫ་ཆས་འབྲི་བ་དང་། ཇ་རྟའི་གནའ་ལམ་གྱི་ཚོང་དོན་ཡུལ་ལྗོངས་ཟློས་གར་ནས་ཧོར་རིགས་ཀྱི་དྲི་ཞིམ་ཁུག་མ་བཟོ་བ། བོད་ཀྱི་ཟློས་གར་གདོང་འབག་གསར་རྩོམ་བཅས་ཀྱི་བར་དུ་ཞུགས་མཁན་གྱིས་མི་སྣ་འཁྲབ་སྟོན་དང་ལག་བཟོའི་ལག་ལེན། གཟུགས་འདས་ཤུལ་བཞག་རིག་གནས་སློབ་ཚན་བཅས་བརྒྱུད་དེ་མཚོ་སྔོན་གྱི་རིག་གནས་སྣ་མང་ལ་མྱོང་ཚོར་གཏིང་ཟབ་བྱས་པ་དང་། བརྗོད་དོན་ཞིབ་འཇུག་སློབ་ཚན་ཐེངས་བཞི་ཡི་ནང་ཕ་མ་དང་བུ་ཕྲུག མི་དར་མ་བརྒྱ་ཙམ་ཞུགས། དེའི་ནང་ཞུགས་མཁན་ཚོས་ཁྱད་ཆོས་ལྡན་པའི་སྙན་ངག་དང་། བོད་ཀྱི་ཟློས་གར་གྱི་གདོང་འབག དྲི་ཞིམ་ཁུག་མ་སོགས་ལག་བཟོའི་ལག་ལེན་བརྩམས་ཆོས་གསར་རྩོམ་བྱས་ཏེ“རིག་དངོས་དང་ཚན་རྩལ”“ལོ་རྒྱུས་དང་འཚོ་བའི”གསར་གཏོད་མཚོན་ཚུལ་བརྒྱུད་སྲོལ་རྒྱུན་རིག་གནས་དེ་གསོན་ཉམས་དོད་པའི་རྣམ་འགྱུར་ཐོག་ནས་རྒྱུན་གཏན་འཚོ་བའི་ནང་ཞུགས་སུ་བཅུག་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།