ལྔ་གཅིག”གི་གུང་གསེང་སྐབས་སུ་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་ཚོང་གཉེར་ཁོར་ཡུག་བརྟན་བརླིང་ཡིན་པ་དང་གོ་རིམ་ལྡན་ལ། ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་དང་ཡུལ་སྐོར་ཡོང་འབབ་གཉིས་གཏན་བརླིང་ངང་འཕར་བ་དང་། བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི7.87སྣེ་ལེན་བྱས་པ་དང་དུས་མཉམ་ལས8.3%འཕར་ཡོད།
“ལྔ་གཅིག”གི་གུང་གསེང་སྐབས་སུ་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་རིག་གནས་ཡུལ་སྐོར་སྡེ་ཁག་གིས་མཉམ་འདྲེས་དང་ཚན་རྩལ་ནུས་སྐྱེད་ལ་ཤུགས་སྣོན་པ་སོགས་དོ་དམ་གྱི་ཆུ་ཚད་དང་ཞབས་ཞུའི་རྒྱུ་སྤུས་མཐོ་རུ་བཏང་སྟེ། སྔར་ལས་ལྷག་པར་ཡུལ་སྐོར་བའི་ཉམས་ལེན་ཕུན་སུམ་ཇེ་ཚོགས་སུ་བཏང་། ནུབ་བྱང་གི་ཁྱད་ཆོས་ལྡན་པའི་ཟས་རིགས་ཟ་ཁང་དང་མཚོ་སྔོན་པོའི་རིག་གནས་ཡུལ་སྐོར་གསར་གཏོད་ལྟེ་གནས་ཚོང་ཁང་། གྲུ་གཟིངས་དང་རྒྱས་སྤྲོས་ཡུལ་སྐོར་གྲུ་གཟིགས། དབུགས་ལྒང་ཚ་གཟུགས། གཡག་དང་རྟ་ཞོན་པ། དམངས་སྲོལ་རིག་གནས་འཁྲབ་སྟོན། མྱུར་འཁྱུག་མཉམ་སྤྱོད་སོགས་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་། མཚོ་འགྲན་གྱི་གསོལ་མགྲོན་ཁང་དང་མཛེས་ལྗོངས་ཁུལ་གྱི་གསོལ་མགྲོན་ཁང་དུ་སྡོད་ཚད་དུས་མཉམ་ལས་འཕར་བ་དང་། ཀྲུང་གོའི་སྐབས་དང་པོའི་ཡུས་ལེ་ཚོད་ལྟ་རྟེན་གཞིའི་དྲན་གསོའི་ཁང་དང་མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཚན་རིག་ཁྱབ་སྤེལ་ཁང་སོགས་རིན་་མི་དགོས་པར་ཕྱི་ཕྱོགས་ལ་སྒོ་འབྱེད་ཡོད་པ་ལས་གཞན། མཛེས་ལྗོངས་ཁུལ་དུ་ད་དུང་སྨན་བཅོས་ཞབས་ཞུའི་ས་ཚིགས་དང་། ཡུལ་སྐོར་བའི་ངལ་གསོ་ས་ཚུགས། ཡུལ་སྐོར་སྣེ་ཤན་པའི་ཞབས་ཞུ་ས་ཚུགས། ཕྱོགས་བསྡུས་ཁྲིམས་འཛིན་རུ་ཁག་གི་དམངས་བདེ་ས་ཚུགས་བཅས་བཀོད་སྒྲིག་བྱས་ཡོད་པས། སྤྱི་བདེ་དང་ཉེན་རྟོག སྐྱེལ་འདྲེན་དོ་དམ། མཚོ་དོན་སོགས་སྡེ་ཁག་གིས་མཛེས་ལྗོངས་ཁུལ་དང་མཉམ་དུ་ཡུལ་སྐོར་བ་འགྲོ་སྐྱོད་བྱེད་པར་འགན་ལེན་བྱེད་བཞིན་ཡོད།
དུས་མཚུངས་སུ་གླང་ཆེན་མཆེ་བ་ལྗོངས་ཁུལ་དང་ཁེ་རམ་ཐང་སོགས་སུ“སྤ་སེ་གཅིག་གི་ཉིན་གསུམ་ཡུལ་སྐོར་བྱེད་པ”བཏོན་པ་དང་། རིག་ནུས་སྟེགས་བུ་སྟེངDeepSeekརིག་ནུས་བློ་འདྲིའི་ཞབས་ཞུ་དང་འབྲེལ་མཐུད་བྱས་པ་མ་ཟད། རིག་ནུས་མཛེས་ལྗོངས་ཁུལ་གྱི་སྟེགས་བུ་རྨང་གཞི་རུ་བྱས་ནས་ནུབ་བྱང་སྤུས་ལེགས་མཛེས་ལྗོངས་ཁུལ་དང་མནའ་འབྲེལ་མཉམ་ལས་རྒྱ་སྐྱེད་དེ། ནུབ་བྱང་ཡུལ་སྐོར་སྐོར་ལམ་གི“གཅིག་འཐུས་རྣམ་པའི”ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་མཉམ་འདྲེས་དང་འཐུས་ཚང་དུ་བཏང་། མཚོ་སྔོན་པོའི་རིག་གནས་ཡུལ་སྐོར་གསར་གཏོད་ལྟེ་གནས་ཚོང་ཁང་དུ་མཚོ་སྔོན་པོའི་མུ་འབྲེལ་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་རྫས་འགྲེམ་སྟོན་དང་ཕྱིར་འཚོང་བྱེད་པ་དང་། ཐང་གའི་གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན་ཁུལ་དང་རིག་གནས་ཡུལ་སྐོར་གསར་གཏོད་ཁོ་ཧྥེ་བཟོ་བ་སོགས་སྣ་མང་ཅན་གྱི་ཞབས་ཞུ་གཞི་གཅིག་ཏུ་བསྡུས་ཡོད་པ་ལས་གཞན། ཚོང་ཁང་ནང་དུ་ད་དུང་མཚོ་སྔོན་པོའི་གསེར་ཉ་དང་མིའི་རིགས་འཆམ་མཐུན་མཉམ་གནས་ཀྱི་བརྗོད་དོན་བྱིས་སྒྲུང་རི་མོ《སང་ཉིན་གྱི་ལག་རྟགས》འགྲེམ་སྤེལ་བྱས་ཡོད་ལ། ནང་དོན་གཏིང་ཟབ་པའི་གཏམ་རྒྱུད་དང་སྤུས་ལེགས་ཀྱི་བར་བཅུག་རི་མོ་ལ་བརྟེན་ནས་ཡུལ་སྐོར་བའི་དགའ་བསུ་ཐོབ། །