“ལྔ་གཅིག” གུང་གསེང་སྐབས་སུ་མིན་ཡོན་དུ་ཡུལ་སྐོར་བ་དང་རི་འཛེག་ལ་དགའ་མཁན་མང་པོ་བསུས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག” གུང་གསེང་སྐབས་སུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་ཡུལ་སྐོར་ཁྲོམ་ར་ཁྱོན་ཡོངས་ནས་ཕྱེས་ཏེ་ཡུལ་སྐོར་བ་སྣེ་ལེན་བྱས་པས། བསྡོམས་པས་ཡུལ་སྐོར་བ་མི་ཐེངས30100སྣེ་ལེན་བྱས་ཏེ། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་ཁྲི945.18མངོན་འགྱུར་བྱུང་བ་དེ་སོ་སོ་དུས་མཉམ་ལས34%དང33.78%འཕར།

དེའི་ཁྲོད་དུ་མིན་ཡོན་རྫོང་གི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས22300སྣེ་ལེན་བྱས། ནང་སྒོས་སུ་མདོ་ལ་རི་བོ་དང་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གཉིས2024ལོའི་དགུན་ཁར་དྲ་ཐོག་ཏུ་རྒྱ་ཆེར་ཁྱབ་རྗེས། “མི་ཚེ་གང་བོའི་གངས་རི་ཐོག་མ”ཞེས་པར་བརྟེན་ཏེ་ཐོན་ཁུངས་ཀྱི་དགེ་མཚན་རྒྱུན་མཐུད་ངང་ཇེ་མཐོར་གྱུར་པས།  “ལྔ་གཅིག” གུང་གསེང་སྐབས་སུ་ཡུལ་སྐོར་བ་དང་རི་འཛེག་དགའ་མོས་བ་འབོར་ཆེན་ཐོན་ཏེ་བསྡོམས་པས་མི་ཐེངས16800སྣེ་ལེན་བྱས་པ་དེ། རྫོང་ཡོངས་ཀྱི་ཡུལ་སྐོར་མི་ཐེངས་ཀྱི55.96%ཟིན་ལ། ཡོང་འབབ་སྒོར་ཁྲི44.08མངོན་འགྱུར་བྱུང་། ཉིན་བསྟུད་མའི་རིང་། རི་བོ་གཙོ་བོའི་མགོར་སྙེག་པ་དང་རི་བོ་གསུམ་གྱི་རྩེར་འཛེག་མཁན441ཡོད་པས་ལོ་རྒྱུས་ལ་ཟིན་ཐོ་གསར་པ་བཀོད་དེ། ད་ལོར་མིན་ཡོན་རྫོང་གི་ཡུལ་སྐོར་ལྗོངས་རྒྱུའི་རྣམ་གྲངས་གལ་ཆེན་ཏུ་གྱུར།

ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་དང་དཔའ་རིས་ཡུལ་གྱི་བོད་ལྭའི་ཤོམ་འགྲོ། མདའ་འཕེན་དང་རྟ་རྒྱུག རི་འཛེག རྐང་ཐང་དུ་འགྲོ་བ་སོགས་ཀྱི་ལུས་རྩལ་འགྲན་སྡུར། རྟ་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ།  “ལྔ་གཅིག” གུང་གསེང་སྐབས་སུ་མིན་ཡོན་རྫོང་གིས་ཡུལ་ལྗོངས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ་མདོ་ལ་རི་བོ་དང་གངས་དཀར་ཕྱོགས་ལས་རྣམ་རྒྱལ། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཅུས་དབྱང་ཀོའུ། མཐོ་སྒང་གི་ཁམ་བུའི་མེ་ཏོག་གླིང་སོགས་མཛེས་ལྗོངས་ཁུལ་དུ་བྱེད་སྒོ་རབ་དང་རིམ་པ་བཀོད་སྒྲིག་བྱས་ནས། ཁྱད་ཆོས་ལྡན་པ་དང་ནང་དོན་ཡོད་པ། དྲོད་ཚད་ལྡན་པ་བཅས་ཀྱི་ཡུལ་སྐོར་དམིགས་འབེན་གནས་ཡུལ་ནུས་ཤུགས་ཡོད་རྒུས་གསར་དུ་བསྐྲུན་པ་དང་། མིན་ཡོན་རྫོང་གི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་འགུག་ཤུགས་ཕྱོགས་ཡོངས་ནས་རྣམ་པར་མངོན་ཏེ། ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།