མཚོ་སྔོན་ཞིང་ཆེན་གྱི་ལོ་ལོན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐོག་མ་ཤར་གཏོང་བྱེད་མགོ་བརྩམས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5བའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི“རི་མགོ་ཆུ་ཁུངས། རབ་མཛེས་མཚོ་སྔོན”སྟེ།“ཞ་ཏུའུ་ཟི་ལིང་། མཛེས་པའི་མཚོ་ནུབ། གནས་མཆོག་མང་ཨེ”ཞེས་པའི་ལོ་ལོན་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐོག་མར་ཤར་གཏོང་བྱས་པའི་མགོ་རྩོམ་མཛད་སྒོ་ཟི་ལིང་མེ་འཁོར་འབབ་ཚུགས་སུ་འཚོགས། 

ཐེངས་འདིའི་ལོ་ལོན་ཡུལ་སྐོར་ཆེད་གཏོང་ཁྲོད་ཡུལ་སྐོར་བ་མི380ཡོད་པ་དང་། གཙོ་བོ་ཀྲེ་ཅང་དང་ཅང་སུའུ། ཧྲང་ཧའེ། དབྱིན་ཁྲོན། ཡུན་ནན། ཞང་ཀང་སོགས་ནས་ཡོང་བ་དང་། དེའི་ནང་ལོ60ཡན་གྱི་ལོ་ལོན་གྱིས60%ཙམ་ཟིན་ཡོད། ཆེད་དུ“གནས་གཅིག་བརྒྱུད་ནས་ཡུལ་སྐོར་མང་པོ་བྱེད་པའི”ཉམས་ལེན་བསྐྲུན་ནས། ཟི་ལིང་ནས་མགོ་ཚུགས་ཏེ་མཚོ་བོད་ལྕགས་ལམ་བརྒྱུད་ནས་ནུབ་ཕྱོགས་སུ་བསྐྱོད་ཅིང་། གཏེར་ལེན་ཁ་དང་ན་གོར་མོ། མང་ཨེ་སོགས་མཚོན་རྟགས་རང་བཞིན་གྱི་དམིགས་ས་བརྒྱུད་དེ་ཡུལ་སྐོར་བས་མཚོ་སྔོན་གྱི་བརྗིད་ཉམས་ལྡན་པའི་མཛེས་སྡུག་དང་གནས་མཆོག་ཡུལ་ལྗོངས་ཀྱི་མཛེས་སྡུག་ཉམས་ལེན་གཏིང་ཟབ་བྱ་རྒྱུ་རེད། ཆེད་དུ་རུ་ཁག་དང་མཉམ་བསྐྱོད་བྱེད་པའི་སྨན་པ་དང་། འགོག་རྐྱེན་མེད་པའི་སྒྲིག་བཀོད། ལོ་ལོན་དང་འཚམ་པའི་ཞབས་ཞུ་བཅས་དམིགས་སུ་བཀར་ནས་བཀོད་སྒྲིག་བྱས་པར་མ་ཟད། འོས་འཚམ་གྱི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་ཏེ། ཡུལ་སྐོར་བའི་སྐྱིད་སྣང་བདེ་འཇགས་འགན་ལེན་བྱས་པ་དང་། ལྷོད་འཇགས་དང་དགའ་སྤྲོའི་ངང་མཚོ་སྔོན་ལ་ཡུལ་སྐོར་བྱེད་པ”མངོན་འགྱུར་བྱེད་དུ་བཅུག འགྲུལ་བཞུད་ཁྲོད་ཆེད་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་ཤེས་འགྲེམས་སྟོན་བཀོད་སྒྲིག་བྱས་ཏེ། “མཚོ་སྔོན་གྱི་ཁྱད་ལྡན་ཞིམ་ཟས་གསར་བསྐྲུན་འོས་སྦྱོར་བྱས་ནས། “ལྕེ་རྩེའི་མཚོ་སྔོན”དང“མཚོ་སྔོན་གྱི་ཡུལ་ལྫོངས་དང་རིག་གནས"བཅས་མཉམ་རོལ་བྱེད་དུ་བཅུག  འཛད་སྤྱོད་ཀྱི“སྣ་མང་ཞབས་ཞུའི”རྣམ་པ་ཕུན་ཚོགས་སུ་བཏང་ནས། “མཚོ་སྔོན་གྱི་དངོས་ཟོག་བཟང་པོའི”རྣམ་པ་གསར་པ་བསྐྲུན། 

ཐེངས་འདིའི་ཆེད་གཏོང་མེ་འཁོར་བདེ་བླག་ངང་འཁོར་སྐྱོད་བྱས་པ་ནི། མཚོ་སྔོན་གྱིས《ཚོང་དོན་པུའི་ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་རུ་གཏོང་བའི་དམངས་ཕན་བྱ་སྤྱོད་ཀྱི2025ལོའི་ལས་དོན་ཇུས་གཞི》དང་། 《མཚོ་སྔོན་ཞིང་ཆེན་གྱི་ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》དོན་འཁྱོལ་བྱེད་པའི་གསར་གཏོད་ལག་ལེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་དང་ཀྲེ་ཅང་། ཅང་སུའུ་སོགས་བར་གྱི་དུས་ཡུན་རིང་པོའི་རིང་གི་སྤེལ་རེས་དང་མཉམ་ལས་དམ་ཟབ་བྱས་པ་དེའང་མཚོན་ཡོད། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི“ལོ་ལོན་ཡུལ་སྐོར་དང་འཛད་སྤྱོད”མཉམ་འདྲེས་ཀྱི་རྣམ་པ་གསར་བསྐྲུན་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་ཚད་གསར་པ་སྐྱེད་སྲིང་བྱེད་པ། “མཚོ་སྔོན་གྱི་ཡུལ་ལྗོངས་དང་རིག་གནས་ཀྱི”རྟགས་ཐིག་གཏན་འཁེལ་བཅས་བྱས་ཏེ། མཚོ་སྔོན་གྱི་ཡུལ་སྐོར་གྱི་ཉམས་ལེན་གསར་པ་ལོངས་སྤྱོད་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་ཆེད་ཡིན། 

མཚོ་བོད་ཚོགས་པ་ཀུང་སིའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོ་ནས་བཟུང་། མཚོ་སྔོན་གྱིས་གངས་ལྗོངས་མཐོ་སྒང་གི་རང་བྱུང་མཛེས་ལྗོངས་ལ་གཞི་ཚུགས་ནས། མཚོ་བོད་ལྕགས་ལམ་དང་ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ། རིགས་ཆེ་གྲས9དང་ཡུལ་སྐོར་ཐོན་རྫས་རིགས11ཐོག་མར་ཇུས་འགོད་བྱས་པ་དང་། ཆེད་གཏོང་མེ་འཁོར17བདེ་བླག་ངང་སྐྱེལ་འདྲེན་བྱས་ཤིང་། བསྡོམས་པས་ཡུལ་སྐོར་བ་མི་ཐེངས6400ལྷག་སྐྱེལ་འདྲེན་བྱས། དེའི་ཁྲོད་ལོ་ལོན་རིགས་ཀྱི་འགྲུལ་པས70%ཟིན་པ་དང་། མཐོ་སྒང་གི་ལྕགས་ལམ་གྱི་ལོ་ལོན་རིམ་པའི་ཡུལ་སྐོར་ཁྲོམ་ར་ཁྱོན་ཡོངས་ནས་སྒོ་འབྱེད་བྱས། ད་ལོར་མཚོ་སྔོན་གྱིས་ད་དུང་མང་ཡའི་ཕྱོགས་ཀྱི་ཡུལ་སྐོར་མེ་འཁོར10རྒྱུན་མཐུད་ངང་གསར་སྤེལ་བྱས་ཏེ། ལོ་ལོན་གྱི་དཔལ་འབྱོར་གསར་གཏོད་བྱེད་སྟངས་མུ་མཐུད་དུ་འཚོལ་ཞིབ་བྱས་ནས། ལོ་ལོན་དང་འཚམ་པའི་ཞབས་ཞུ་ཇེ་རྒྱས་ཇེ་ལེགས་སུ་བཏང་། ཤེས་རིག་རྒན་གསོ་དང་ཁམས་གསོ་རིག་གནས་ཡུལ་སྐོར་སོགས་ཞབས་ཞུའི་འཛད་སྤྱོད་ཀྱི་རྣམ་པ་གསར་པ་གསོ་སྐྱོང་བྱས་ཏེ། སྐྱེ་ཁམས་དོ་སྣང་དང་འཛད་སྤྱོད་ནུས་པ། སྤྱི་ཕན་མཉམ་སྤྱོད་བཅས་ཀྱི་ལོ་ལོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱས་པར་མ་ཟད། སྔར་ལས་མང་པོའི་ལོ་ལོན་རིགས་ཀྱིས་མཚོ་སྔོན་གྱི་རི་ཆུ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྲོད། སྙན་ངག་དང་རྒྱང་རིང་གི་དྲོད་ཁོལ་དང་བདེ་སྐྱིད་མཉམ་རོལ་བྱས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།