ཟླ5པའི་ཚེས19ཉིན། ཀྲུང་གོའི་ཡུལ་སྐོར་ཉིན་མོ15པ་སླེབས་པའི་སྐབས་འདིར། 2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མགོ་རྩོམ་མཛད་སྒོ་ཟི་ལིང་དུ་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་ཕུལ་བར་མ་ཟད་མགོ་བརྩམས་པར་ཁྱབ་བསྒྲགས་གནང་།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བ་ནི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུལ་སྐོར་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱས་པའི་བྱེ་བྲག་གི་འགུལ་སྐྱོད་ཅིག་ཡིན་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་གསོན་ཉམས་ལྡན་པའི་ཐེག་བྱེད་ཀྱང་ཡིན། ཁོང་གིས་བཤད་རྒྱུར། མཚོ་སྔོན་གྱི་མཛེས་སྡུག་ཆེན་མོ་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ངོ་མཚར་ལྡན་པའི་དགའ་སྤྲོའི་ལེའུ་ཞིག་ཡིན་ལ། ལྗང་མདོག་འཕེལ་རྒྱས་ཐད་བྲིས་པའི་མ་འོངས་པའི་སྙན་ཚིག་ཅིག་ཀྱང་ཡིན་སྟབས། རྒྱལ་སྤྱིའི་མཐོང་ལམ་ནས་རབ་མཛེས་མཚོ་སྔོན་རོལ་མྱོང་བྱེད་པ་དང་། མཚོ་སྔོན་ནི་སའི་གོ་ལའི་གནས་གསུམ་པར་གནས་ཡོད་པས། “གཙང་གསུམ་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་ལྕོག”ཡིན་ལ། ཡ་གླིང་དང་གོ་ལའི་བྱང་ཕྱེད་མ་ཙམ་མ་ཟད་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་སྐྱེན་ཁུལ་དང་སྒུལ་སློང་ཁུལ་གལ་ཆེན་ཡང་ཡིན་པས་ན། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ལ་ཤུགས་རྐྱེན་གལ་ཆེན་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་བཅས་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པས་ཡིད་ཀྱི་སྨོན་ས་ཡིན། རིག་གནས་ཀྱི་མཐོང་ལམ་ནས་རབ་མཛེས་མཚོ་སྔོན་རོལ་མྱོང་བྱེད་པ་དང་། མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་ཀྱི་ཁུངས་དང་རྒྱུན་རིང་ལ། ཁུ་ནུ་རིག་གནས་དང་རྨ་ཙོང་རིག་གནས། མཱ་ཅ་ཡའོ་རིག་གནས་བཅས་ཕན་ཚུན་སྐྱ་འཐབ་ཅིང་གཟི་འོད་འཕྲོ་བ། “མདེལ་གཉིས་སྐར་གཅིག”སྙིང་སྟོབས་དང“ལམ་གཉིས”སྙིང་སྟོབས། མཚོ་བོད་ལྕགས་ལམ་སྙིང་སྟོབས་བཅས་མི་རབས་ནས་མི་རབས་སུ་ཉམས་པ་མེད་པ། མཚོ་སྔོན་གྱི་ཁྱོམ་སྟོན་དང་མཐོ་སྒང་གི་གཅེས་ནོར། མཚོ་སྔོན་གྱི་འཐེན་ཐུག་བཅས་ཀྱི་སྙན་གྲགས་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་ཅིང་། མི་རིགས་སོ་སོ་སེ་འབྲུ་རྡོག་པོ་བཞིན་དུ་ཕན་ཚུན་དམ་པོར་འཁྱུད་ཡོད། མ་འོངས་པའི་མཐོང་ལམ་ནས་རབ་མཛེས་མཚོ་སྔོན་ལ་རོལ་མྱོང་བྱེད་པ་དང་། མཚོ་སྔོན་ནི་རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་གནད་སར་འགྱུར་བཞིན་ཡོད་པས། ཀྲུང་གོའི་ཕོར་པ་དམ་པོར་འཛིན་པ་དང་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཁྲོད་ཚྭ་མཚོ་ཐོན་ཁུངས་ཀྱིས་མཚོ་སྔོན་གྱི་ཁག་ཁུར་མངོན་པར་བྱེད་པ། ལྗང་མདོག་གློག་ཤུགས་དང་ལྗང་མདོག་རྩིས་ནུས་ཀྱིས་རྒྱལ་ཡོངས་ཀྱི་ནུས་ཁུངས་གཞན་སྒྱུར་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་སྟོབས་དང་ལྡན་པ་སྩོལ་བ། རི་ཆུ་གནས་མཆོག་དེ་མི་རྣམས་ཀྱི་ཡིད་ལ་ཡང་ཡང་འཁོར་བའི“སྙན་ངག་དང་རྒྱང་རིང”དུ་འགྱུར་བར་བྱེད་པ། མཚོ་སྔོན་གྱི་ཉ་སན་ཝུན་དང་སྐྱེ་ལྡན་འཕང་འབྲས། དབྱར་རྩྭ་དགུན་འབུ། འཁྱག་བསིལ་སྔོ་ཚལ་བཅས་ཀྱིས་འཛམ་གླིང་ལ་མཐོ་སྒང་གི་དག་གཙང་གཤིས་རྒྱུད་བརྒྱུད་སྤྲོད་བྱེད་དགོས། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྲོགས་པོ་རྣམས་མཚོ་སྔོན་ལ་ཕེབས་པར་གདན་འདྲེན་ཞུ་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འགྲུལ་བཞུད་དང་རིག་གནས་ཀྱི་གཞི་རྐང་འཚོལ་བའི་འགྲུལ་བཞུད། དཔལ་ཡོན་སྐས་འདེགས་ཀྱི་འགྲུལ་བཞུད་བཅས་ཀྱི་མགོ་བརྩམས་ནས། སྐྱེ་ཁམས་ཡུལ་སྐོར་གྱི་གསོལ་སྟོན་གཟབ་རྒྱས་ལ་མཉམ་རོལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས།
ཞིང་ཆེན་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཞའོ་རུང་གཉིས་མཛད་སྒོར་ཞུགས། ཁྲེན་ཅེ་ཝེ་ཡིས་མགོ་འཛིན་བྱས། རིག་གནས་དང་ཡུལ་སྐོར་པུའུ། པེ་ཅིན་དང་ཅང་སུའུ། ཧྲན་ཏུང་། ཀོང་ཏུང་། ཁྲུན་ཆིང་། ཉིང་ཞ། ཞིན་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར། ལྗོངས་བཅས་ཀྱི་སྲིད་གཞུང་དང་རིག་གནས་ཡུལ་སྐོར་སྡེ་ཁག་དང་། རྒྱལ་ནང་གི་ཚན་ཞིབ་གླིང་དང་སུའོ། ཆེད་ལས་མཁས་པ། ལས་རིགས་རྩ་འཛུགས། ཁེ་ལས་འཐུས་མི་ཁ་ཤས་བཅས་བྱེད་སྒོར་ཞུགས།
མགོ་རྩོམ་མཛད་སྒོའི་རྗེས་སུ། ལུའོ་ཏུང་ཁྲོན་གྱིས་སྐུ་མགྲོན་རྣམས་དང་ལྷན་དུ་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་པར་མ་ཟད། གདན་ཞུ་སྐུ་མགྲོན་ཤར་ཕྱོགས་གསར་པའི་སློབ་གསོ་ཚན་རྩལ་སྡེ་ཚོགས་ཀྱི་གསར་འཛུགས་པའམ་ཏུང་ཧྲི་ཀྲང་ཡུའུ་མའེ་ཧུང་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཆེད་མཁས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་འཐུས་མི་བཅས་དང་བཞུགས་མོལ་བརྗེ་རེས་གནང་། །