ཞིང་ཆེན་ཕྱི་རོལ་གྱི་ཡུལ་སྐོར་ཚོང་པ་བརྒྱ་ཡི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་ངོ་སྤྲོད་དང་ཧོང་ཡོན་དུ་རང་སྐོར་ཡུལ་སྐོར་བྱེད་པའི་བྱེད་སྒོ་འཚོགས་པ་རེད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

རླངས་འཁོར་གཏོང་རྒྱུའི”བཀའ་དང་བསྟུན་ནས། འཁོར་གཏོང་ཡུལ་སྐོར30ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་ཉི་ཟླ་བོད་རིགས་ཞང་ཐུའུ་ཨེར་ཀན་གྲོང་ཚོའི་ཡུལ་སྐོར་བ་ཞབས་ཞུའི་ལྟེ་གནས་ནས་ཐོན་ཞིང་། སྟོང་སྐོར་གནའ་བོའི་གྲིབ་གཟུགས་དང་ཉི་ཟླ་རི་བོའི་ཡུལ་ལྗོངས་ཀྱི་སྒུལ་བདེའི་རིག་གནས་མཚོན་རྟགས་ཁྱེར་ནས་གཞུང་ལམ213དང109བརྒྱུད་པ་དེ་འཁོར་སྐྱོད་ཡུལ་ལྗོངས་སུ་གྱུར་ཡོད། ཟླ5བའི་ཚེས18ཉིན། ཧོང་ཡོན་རྫོང་ལུས་རྩལ་ཡུལ་སྐོར་ཅུས་ཀྱིས་ཞིང་ཆེན་ཡུལ་སྐོར་ཁང་མཐུན་ཚོགས་དང་རི་མགོ་ཆུ་ཁུངས་འཁོར་གཏོང་ཡུལ་སྐོར་མནའ་འབྲེལ་དང་མཉམ་དུ་ཞིང་ཆེན་ཕྱི་རོལ་གྱི་ཡུལ་སྐོར་ཚོང་པ་བརྒྱ་ཡི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་ངོ་སྤྲོད་དང་འཁོར་གཏོང་ཡུལ་སྐོར་བྱེད་སྒོ་གཉེར་བ་རེད། རླངས་འཁོར་བསྐྱོད་པའི་མཛད་སྒོའི་སྟེང“རི་མགོ་ཆུ་ཁུངས་འཁོར་གཏོང་ཡུལ་སྐོར་ཏེ། ཐང་བོད་གནའ་ལམ·ཉི་ཟླ་ཧོང་ཡོན་ཞབས་ཞུའི་རྟེན་གཞིའི”སྒོ་བྱང་བརྒལ།

བྱེད་སྒོའི་ནང་ཅང་སུའུ་དང་། ཁྲུང་ཆིན། ཧྲའན་ཞི། ཀན་སུའུ། ཉིང་ཞ་སོགས་ས་གནས་ཀྱི་ཡུལ་སྐོར་ལས་དོན་ཁང་བརྒྱ་དང་འཁོར་གཏོང་ཡུལ་སྐོར་བྱེད་མཁན་སྤྲོ་སྐྱིད་ཁང་གི་འཐུས་མི་རུ་གདན་དྲངས་ནས། ཧོང་ཡོན་གྱི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་ཏེ། ཧོང་ཡོན་གྱི“གནའ་གྲོང་དུ་ལྟ་སྐོར་དང་། དམངས་སྲོལ་ལ་ལྟ་བ། ཞིམ་ཟས་བྲོ་བ”བཅས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཉམས་ལེན་གཏིང་ཟབ་བྱས། 《རྒྱ་བཟའ་ཀོང་ཇོ་བསུ་བ》ཞེས་པའི་ཡུལ་ལྗོངས་འཁྲབ་སྟོན་གྱིས་གླུ་གར་དང་ཡུལ་ལྗོངས་ཟློས་གར་སོགས་ཀྱི་རྣམ་པས་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་ལོ་རྒྱུས་ཀྱི་རི་མོ་བསྐྱར་དུ་མངོན་པ་དང་། ཉི་ཟླ་རི་བོ་དང་སྟོང་སྐོར་གནའ་བོའི་གྲོང་ཁྱེར་གྱི་མཉམ་འགུལIPགཟུགས་བརྙན་སྔར་བས་ཇེ་དྲག་ཏུ་བཏང་ཡོད། ཧོང་ཡོན་རིག་གནས་ཡུལ་སྐོར་ངོ་སྤྲོད་དཔོན་པོས“ལོ་རྒྱུས་རིག་གནས་དང་། དམངས་སྲོལ་གོམས་གཤིས། ཁྱད་ཆོས་ལྡན་པའི་ལམ་ཐིག གཟིགས་སྐྱོང་བྱ་ཐབས”ཞེས་པའི་ཕྱོགས་བཞིའི་ཐོག་ནས་ཧོང་ཡོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་དང་འབྲེལ“གནའ་བོའི་ལམ་གྱི་གསང་བ་འཚོལ་ཞིབ་ལམ་ཐིག”དང“ཞི་ཀུའུ་ཡི་ཚིག་དམར་ལམ་ཐིག”།“མི་ཆོས་སྨོན་ལམ་ལམ་ཐིག”སོགས་རང་སྐོར་ཡུལ་སྐོར་ལམ་ཐིག་གསུམ་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་དང་འབྲེལ་གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་བྱས།

ཧོང་ཡོན་རྫོང་རིག་རྩལ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཀྱི་བྱེད་སྒོ་འཚོགས་པ་དེས་ཧོང་ཡོན་དེ་མཚོ་སྔོན་དང་ཀན་སུའུ་སྐོར་ལམ་ཆེན་པོ་དང་ནུབ་བྱང་སྐོར་ལམ་ཆེན་པོའི་ནང་ཧུར་ཐག་མཉམ་འདྲེས་བྱ་རྒྱུར་འགྲེམས་སྟོན་དང་མཉམ་ལས་སྟེགས་བུ་གལ་ཆེན་བསྐྲུན་པ་མ་ཟད། ཧོང་ཡོན་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ཁུངས་གཏིང་ཟབ་ཏུ་སྔོག་འདོན་བྱས་ནས་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་དང་སྤུས་ལེགས་འཁོར་གཏོང་ཡུལ་སྐོར་ལམ་ཐིག་གཏོད་པར་རྨང་གཞི་བཏིང་ཡོད།“ཐང་བོད་གནའ་ལམ·ཉི་ཟླ་ཧོང་ཡོན”གྱི་ཟོང་རྟགས་གཟུགས་བརྙན་སྔར་བས་ཆེ་རུ་ཕྱིན་ནས་ཧོང་ཡོན་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།