ཟླ5པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་“རི་མགོ་ཆུ་ཁུངས། རབ་མཛེས་མཚོ་སྔོན”དབྱར་གནས་ཟི་ལིང་། མཛེས་སྡུག་གི་མཚོ་ནུབ། ལྐོག་གྱུར་གྱི་མང་ཨེ།”ཐེངས་འདིའི་ཡུལ་སྐོར་ཆེད་བཏང་མེ་འཁོར་གཏོང་མགོ་རྩོམ་པའ་མཛད་སྒོ་དེ་ཟི་ལིང་མེ་འཁོར་ས་ཚིགས་སུ་སྤེལ།
ཐེངས་འདིའི་ཡུལ་སྐོར་ཆེད་བཏང་མེ་འཁོར་གྱི་ཡུལ་སྐོར་བ་མི380དང་། དེའི་ཁྲོད་ལོ60ཡན་གྱི་རྒན་པ་མི218ཡོད། དེ་གཙོ་བོ་ཀྲེ་ཅང་དང་། ཅང་སུའུ། ཧྲང་ཧའེ། ཉིང་ཞ། ཡུན་ནན། ཞང་ཀང་སོགས་ས་གནས་ནས་ཐོན་པ་ཡིན། ཆེད་བཏང་མེ་འཁོར་གྱིས“ལམ་ཐིག་གཅིག་ཏུ་ཡུལ་སྐོར་མང་པོ་བྱེད་པའི”མྱོང་རོལ་བྱས་པ་དང་། ལམ་ཐིག་དེ་ཟི་ལིང་ནས་མགོ་བརྩམས་ཏེ། གསའ་ཡི་ཕ་ས་ཟི་ལིང་གི་བསིལ་གནས་མྱོང་རོལ་དང་། གསང་བའི་གནས་མཆོག་མང་ཨེའི་འེ་ཁུན་ཆུ་མིག་གི་མཛེས་པར་རོལ་མྱོང་བྱེད་པ། དེ་ནས“མི་ཡུལ་གྱི་ཟླ་བའི་གོ་ལ”ཧའེ་ཏུའུ་རི་བོའི་བརྗིད་ཉམས། ཧྥེ་ཚོས་མཚེའུ་ཡི་ལྗང་མདོག་གི་མཛེས་པ། དེ་མིན་ཆུ་ཐོག་གི་རང་བྱུང་མཛེས་པ་བཅས་ཀྱིས། མཚོ་བོད་མཐོ་སྒང་གི་སྙན་ངག་ལྟ་བུའི་རི་མོ་ཞིག་བྲིས་ཤིང་། ཉིན6དང་མཚན་མོ5ཡི་ལམ་ཐིག་ཅིག་གྲུབ།
ལོ་ལོན་གྱི་བདེ་འཇགས་འགྲོ་འོང་ལ་འགན་སྲུང་བྱ་ཆེད། ཆེད་བཏང་མེ་འཁོར་གྱིས“སྣེ་ཤན་པ་དང་། སྨན་བཅོས་བདག་སྐྱོང་། མེ་འཁོར་ཞབས་ཞུ”བཅས་ཆེད་ལས་ཚོགས་པ་འཛུགས་སྒྲུབ་བྱས་པ་དང་། བདེ་ཐང་ལྟ་སྐུལ་ཚད་ལེན་དང་། རིག་གནས་འགྲེལ་བཤད། འཕྲལ་བསྟུན་འགན་སྲུང་སོགས་གོ་རིམ་ཧྲིལ་བོའི་ཞབས་ཞུ་མཁོ་འདོན་བྱས་པ་དང་། མེ་འཁོར་ས་ཚིགས་ཀྱི་འགྲོ་འོང་བྱེད་སར“གནས་ལ་གནས་གཏད”ཀྱི་ཁྲིད་སྟོན་དང་། མེ་འཁོར་འགྲོ་འོང་ལམ་བར་གྱི་རིག་གནས་རོལ་རྩེད་བྱ་འགུལ་རྩ་འཛུགས་བྱས་ཏེ། གནས་ཚད་ཡོངས་ནས་འགྲུལ་བའི་ལུས་སེམས་བདེ་ཐང་ལ་བདག་སྐྱོང་བྱས།
མེ་འཁོར་གྱིས་ད་དུང“མེ་འཁོར་གཅིག་ལ་ལམ་ཐིག་གཅིག བརྗོད་དོན་གཅིག”གི་རྣམ་པ་སྟེགས་བུ་རུ་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་དང་། འཛད་སྤྱོད་རྣམ་པ་གཉིས་གཅིག་འགྲིལ་བྱས། འཁོར་སྒམ་ནང་དུ་ནོར་ཤའི་ཐོན་རྫས་དང་། འཕང་འབྲས། སྦྲང་རྩི། ལི་གྲོ། འོ་ལས་ཐོན་རྫས། ལོག་དཀར་གྱི་སྣུམ། མཚོ་སྔོན་ཕྱེ་ཐུག ནས་ཀྱི་ཐོན་རྫས་སོགས“མཚོ་སྔོན་གྱི་དངོས་རྫས་བཟང་བོའི”ཁྱད་ཐོན་དངོས་རྫས་འགྲེམ་སྟོན་བྱས་པ་མ་ཟད། ཐང་གའི་འགྲེམ་སྟོན་ཁུལ་སྒྲིག་བཀོད་བྱས་ཏེ། ཡུལ་སྐོར་བས་མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་མཛེས་པར་མྱོང་རོལ་བྱས། ཡུལ་སྐོར་བས་མེ་འཁོར་གྱི་ནང་དུ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཉོ་སྒྲུབ་བྱས་ཆོག་པ་མ་ཟད། དྲིལ་སྒྲོག་ལག་དེབ་སྟེང་གི་རྩ་གཉིས་ཨང་བཤེར་བརྒྱུད་དེ་ཉོ་ཐོ་བཀོད་ཆོག་པ་དང་། “ཡུལ་སྐོར་ལམ་བར་གྱི་མྱོང་རོལ་དང་དྲ་ཐོག་འཛད་སྤྱོད”གཉིས་སྦྲེལ་མཐུད་མངོན་འགྱུར་བྱས་ཏེ། ཡུལ་སྐོར་དེ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་དུ་གཏོང་བ་དང་། འཛད་སྤྱོད་རིམ་འཕར་གྱི་སྒེའུ་ཁུང་དུ་འགྱུར་བར་སྐུལ་འདེད་བཏང་། །