བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་སློབ་གསོ་མྱང་བའི་ཁེ་དབང་ཡོད་དམ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
ཁྲིམས།

བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་སློབ་གསོ་མྱང་བའི་ཁེ་དབང་ཡོད་དམ།

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་དོན་ཚན14པར་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་སློབ་གསོ་མྱང་བའི་ཁེ་དབང་ཡོད་པ་གཏན་འཁེལ་བྱས་ཡོད་པས། རང་རྒྱལ་གྱི་སྤྱི་དམངས་ལ་སྐྱེས་པ་ཕོ་མོའི་དབྱེ་བ་མེད་པར་འདྲ་མཉམ་སྒོས་སློབ་གསོ་མྱང་བའི་དབང་ཆ་ཡོད། བུད་མེད་ཀྱི་སློབ་གསོ་མྱང་བའི་དབང་ཆ་འཕྲོག་མི་ཆོག་པ་དང་ལྷན་དུ་བུད་མེད་ལ་རིག་གནས་བྱ་འགུལ་ཐད་དུའང་སྐྱེས་པ་དང་འདྲ་མཉམ་གྱིས་ཞུགས་པའི་དབང་ཆ་ཡོད་པ་དང་། ཚན་རིག་ཞིབ་འཇུག་དང་རིག་རྩལ་གསར་རྩོམ། དེ་མིན་གཞན་པའི་རིག་གནས་བྱ་འགུལ་སྤེལ་སྐབས། བུད་མེད་དང་སྐྱེས་པར་ཆ་རྐྱེན་འདྲ་མཉམ་གྱི་གོ་སྐབས་ཐོབ་དགོས་པ་ལས་བུད་མེད་ལ་མཐོང་ཆུང་བྱེད་མི་ཆོག་ལ། ཆ་རྐྱེན་དང་ཚད་གཞི་ཇེ་མཐོར་ཡང་བཏང་མི་ཆོག རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》སོགས་སུ་ཕོ་མོ་འདྲ་མཉམ་ཡིན་པ་བསྟན་ཡོད་ཅིང་། འདྲ་མཉམ་ཞེས་པ་གཙོ་བོ་ཕོ་མོ་གང་ཞིག་ཡིན་རུང་། དེར་འདྲ་མཉམ་གྱི་ཁེ་དབང་ཡོད་ཅིང་འདྲ་མཉམ་གྱི་འོས་འགན་ཡོད་པས། ཕོ་མཆོག་མོ་དམན་གྱི་ལྟ་སྤྱོད་གང་ཡང་ཡོད་མི་ཆོག་པ་གཏན་འཁེལ་བྱས་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།