མི་ལུས་བདེ་སྲུང་གི་རེ་ཞུའི་ཆ་རྐྱེན།

ཡོང་ཁུངས།
 
 

མི་ལུས་བདེ་འཇགས་སྲུང་སྐྱོང་བྱེད་པའི་རེ་ཞུ་ལ་ཆ་རྐྱེན་གང་དག་འཛོམས་དགོས།

གཅིག རེ་འདུན་ཞུ་ཡུལ་གསལ་དགོས། རེ་འདུན་ཞུ་མཁན་གྱིས་རེ་འདུན་ཞུ་ཡུལ་གྱི་ཐོབ་ཐང་ཆ་འཕྲིན་གསལ་པོར་སྟོན་དགོས། དེའི་ནང་དུ་རུས་མིང་དང་ཕོ་མོ། སྐྱེས་པའི་ལོ་ཟླ། མི་རིགས་སམ་རྒྱལ་ཁོངས། སྡོད་གནས། འབྲེལ་གཏུག་བྱེད་སྟངས་སོགས་འདུས།

གཉིས། བྱེ་བྲག་གི་རེ་ཞུ། རེ་འདུན་ཞུ་མཁན་གྱིས་བྱེ་བྲག་གི་རེ་ཞུའི་དོན་ཚན་གསལ་པོར་འདོན་དགོས། དཔེར་ན། རེ་འདུན་ཞུ་ཡུལ་གྱིས་ཁྱིམ་ཚང་གི་གཏུམ་སྤྱོད་དང་ཟིང་ཆ་སློང་བ། རྗེས་འདེད་བྱེད་པ། རེ་འདུན་ཞུ་ཡུལ་དང་དེའི་འབྲེལ་ཡོད་གཉེན་ཉེ་ལ་འབྲེལ་གཏུག་བྱེད་པ་བཅས་བཀག་འགོག་བྱེད་པའམ་ཡང་ན་རེ་འདུན་ཞུ་ཡུལ་ལ་རེ་འདུན་ཞུ་ཡུལ་གྱི་སྡོད་གནས་ནས་གནས་སྤོ་རུ་འཇུག་རྒྱུ་སོགས་ལྟ་བུའོ།‍།

གསུམ། ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་པའམ་ཡང་ན་ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་པའི་དོན་དངོས་ཀྱི་ཉེན་ཁ། རེ་འདུན་ཞུ་མཁན་གྱིས་རང་ཉིད་ལ་ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་པའམ་ཡང་ན་ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་པའི་དོན་དངོས་ཀྱི་ཉེན་ཁ། དེ་ནི་འབྲེལ་ཡོད་བདེན་དཔང་འདོན་སྤྲོད་བྱས་ནས་བདེན་དཔང་བྱེད་ཆོག་སྟེ། དཔེར་ན། ཉེན་རྟོག་པའི་ཟིན་ཐོ་དང་རྨས་སྐྱོན་གྱི་པར་རིས། སྨན་པ་བསྟེན་པའི་ཟིན་ཐོ་སོགས་ལྟ་བུའོ།‍།

བཞི། བདག་སྤྲོད་བྱེད་དབང་ཡོད་པའི་ཁྲིམས་ཁང་ལ་རེ་འདུན་ཞུ་རྒྱུ། རེ་འདུན་ཞུ་མཁན་གྱིས་རེ་འདུན་ཞུ་ཡུལ་གྱི་སྡོད་གནས་སམ་ཁྱིམ་ཚང་གི་གཏུམ་སྤྱོད་བྱུང་སའི་གཞི་རིམ་མི་དམངས་ཁྲིམས་ཁང་ལ་རེ་འདུན་ཞུས་ཏེ། རེ་འདུན་བདག་སྤྲོད་དང་ཐག་གཅོད་ཡང་དག་ཡོང་བར་ཁག་ཐེག་བྱ་དགོས།

ལྔ། ཡིག་ཐོག་གི་རེ་འདུན་འདོན་སྤྲོད་བྱ་རྒྱུ། རེ་འདུན་ཞུ་མཁན་གྱིས་ཡིག་ཐོག་གི་རྣམ་པས་རེ་འདུན་ཞུ་དགོས། གལ་ཏེ་དངོས་གནས་དཀའ་ངལ་ཡོད་ན་ངག་ཐོག་ནས་རེ་འདུན་ཞུས་ཆོག འོན་ཀྱང་། མི་དམངས་ཁྲིམས་ཁང་གིས་དེ་ཟིན་བྲིས་སུ་འགོད་སྲིད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།