ཁྲིམས།
མི་གཞན་གྱི་སྡོད་ཁང་དང་མགྲོན་ཁང་སོགས་སུ་ལྐོག་འཛུལ་བྱས་ཏེ་པར་ལེན་པའམ་ལྐོག་ལྟ་བྱས་ཆོག་གམ།
རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1033པའི་ཚན་པ2པར་བཅའ་ཁྲིམས་ནང་གཏན་འཁེལ་ལོགས་སུ་བྱས་ཡོད་པའམ་ཁེ་དབང་འཛིན་མཁན་གྱིས་མོས་མཐུན་གསལ་པོ་བྱས་ཡོད་པ་ཕུད། རྩ་འཛུགས་སུ་ཞིག་གིས་ཀྱང་གཤམ་གསལ་གྱི་བྱ་སྤྱོད་སྤེལ་མི་ཆོག་སྟེ། མི་གཞན་གྱི་སྡོད་ཁང་དང་མགྲོན་ཁང་སོགས་སུ་གསང་བའི་སྒོ་ནས་འཛུལ་བ་དང་པར་ལེན་པ། ལྐོག་ལྟ་བྱེད་པ་བཅས་བྱས་མི་ཆོག
བརྙན་ལེན་འཕྲུལ་ཆས་མང་ཆེ་བ་ལམ་བར་དང་། དུས་ཚོད་འགལ་ས། ཇ་ཕོར་འཇོག་ས་སོགས་ཀྱི་དངོས་རྫས་ནང་དུ་སྐུང་ཡོད་པ་དང་། ཁྱིམ་ཚང་དང་མགྲོན་ཁང་། ཐ་ན་གཞུང་སྒྲུབ་བྱ་ཡུལ་སོགས་སུ་སྦས་སྐུང་བྱས་ཡོད། ཁྲིམས་འགལ་གྱིས་དྲ་སྦྲེལ་ཅན་གྱི་བརྙན་ལེན་འཕྲུལ་ཆས་ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་པ་དང་། མགྲོན་ཁང་གི་ཁང་པ་རུ་བརྙན་ལེན་འཕྲུལ་ཆས་བཙུགས་ན་ཁྲིམས་འགལ་ཡིན། དེར་གཞིགས་ནས《དམངས་དོན་ཁྲིམས་གཞུང》ནང་ཁེ་དབང་འཛིན་མཁན་གྱིས་མོས་མཐུན་གསལ་པོ་བྱས་ཡོད་པ་ཕུད། རྩ་འཛུགས་སམ་མི་སྒེར་གང་ཞིག་ཡིན་རུང་མི་གཞན་གྱི་སྡོད་ཁང་དང་མགྲོན་ཁང་སོགས་སྒེར་གནས་སུ་འཛུལ་མི་ཆོག་པ་དང་། པར་ལེན་པ། ལྐོག་ལྟ་བྱེད་པ་བཅས་བྱས་མི་ཆོག་པ་གཏན་འཁེལ་གསལ་པོ་བྱས་ཡོད།
ལྐོག་ལྟ་ཞེས་པ་ནི་མི་གཞན་གྱིས་ཆོག་མཆན་མ་ཐོབ་པར་མི་གཞན་གྱི་གནས་ཚུལ་ལ་ལྐོག་ལྟ་བྱེད་པ་ལ་ཟེར། དེའི་ནང་མི་གཞན་གྱི་སྒེར་གྱི་སྡོད་ཁང་དང་མགྲོན་ཁང་སོགས་སྒེར་གྱི་གནས་ཡུལ་ལ་ལྐོག་ལྟ་བྱེད་པ་ཚུད་ཡོད། དེ་བས་མི་གཞན་གྱི་གསང་བའི་གནས་ཡུལ་དུ་འཛུལ་བའམ། པར་ལེན་པ། ལྐོག་ལྟ་བྱེད་པ་བཅས་ཚང་མ་གསང་བའི་དབང་ཆར་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་གཏོགས།