ཅི་ཞིག་ལ་མཚན་སྙན་དབང་ཆ་ཟེར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1024པའི་ཚན་པ1པོར་དམངས་དོན་བྱ་སྤྱོད་སྤེལ་མཁན་ལ་མཚན་སྙན་དབང་ཆ་ཡོད་ཅེས་གཏན་འཁེལ་བྱས་ཡོད། རྩ་འཛུགས་སམ་མི་སྒེར་སུ་ཞིག་གིས་ཀྱང་བརྙས་བཅོས་དང་སྐུར་འདེབས་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་གཞན་གྱི་མཚན་སྙན་དབང་ཆར་གནོད་འཚེ་བཏང་མི་ཆོག

མཚན་སྙན་དབང་ཆའི་བྱ་ཡུལ་ནི་མཚན་སྙན་ཡིན། མཚན་སྙན་ནི་དམངས་དོན་བྱ་སྤྱོད་སྤེལ་མཁན་གྱི་ཀུན་སྤྱོད་དང་སྙན་གྲགས། འཇོན་ཐང་། ཡིད་རྟོན་སོགས་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་བྱས་པ་ཞིག་ཡིན། མཚན་སྙན་ནི་སྤྱི་ཚོགས་ཀྱི་གདེང་འཇོག་ཅིག་ཡིན་པའི་ཆ་ནས་གྲུབ་ཆ་གཙོ་བོའི་ངོ་བོ་མི་འདྲ་བར་བརྟེན་ནས་ཁྱད་པར་ཡོད། རང་བྱུང་མིའི་མཚན་སྙན་ནི་སྤྱི་ཚོགས་ཀྱིས་དེའི་ཀུན་སློང་དང་བསམ་བློ། ཀུན་སྤྱོད། འཚོ་བ། ནུས་པ། འཇོན་ཐང་། ཡིད་རྟོན་སོགས་ཀྱི་ཐད་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་བྱས་པ་ཞིག་ཡིན། འོན་ཀྱང་ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ནི་རྩ་འཛུགས་ཀྱི་སྒྲིག་གཞི་ཡིན་པའི་ངོས་ནས་ཀུན་སྤྱོད་དང་བསམ་བློ། འཇོན་ཐང་སོགས་རང་བྱུང་མིར་ཁོངས་གཏོགས་ཀྱི་མཚན་སྙན་ལོངས་སུ་སྤྱོད་མི་ཐུབ། དེར་བརྟེན། ཁྲིམས་མི་དང་ཁྲིམས་འགལ་རྩ་འཛུགས་ཀྱི་མཚན་སྙན་ནི་དཔལ་འབྱོར་བྱེད་སྒོ་དང་ཐོན་སྐྱེད་གཉེར་སྐྱོང་གི་གྲུབ་འབྲས་སོགས་ཕྱོགས་ཀྱི་སྤྱི་ཚོགས་གདེང་འཇོག་གཙོ་བོར་འཛིན་གྱིན་ཡོད། ཁྲིམས་མི་དང་ཁྲིམས་འགལ་རྩ་འཛུགས་ཀྱི་མཚན་སྙན་ནི་སྤྱི་ཚོགས་དཔལ་འབྱོར་བྱེད་སྒོའི་ཁྲོད་རིམ་བཞིན་ཆགས་པ་ཞིག་ཡིན་ལ། སྤྱི་ཚོགས་ཀྱིས་ཚོང་ལས་སམ་ལས་རིགས་ཀྱི་ཀུན་སྤྱོད་དང་མ་རྩ་ཡིད་རྟོན། ཚོང་ཟོག་གི་སྤུས་ཚད་དམ་ཞབས་ཞུའི་སྤུས་ཚད་སོགས་ཀྱི་ཐད་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་བྱས་པ་ཞིག་ཡིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།