ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན་དེ་མ་གཞི་གང་དག་ལ་གོ་བ་ཡིན་ཟེར་ན། དེ་ནི“བྱ་སྤྱོད་བཞི”སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྤྲོ་སྣང་རིང་ལུགས་དང་རྒྱས་སྤྲོས་ལ་དགའ་བའི་བྱ་སྤྱོད་ཕྱོགས་དང་འབྲེལ་བའི་སྒྲིག་འགལ་བྱ་སྤྱོད་ལ་གོ་བ་ཡིན། དེ་དག་རིགས་ཆེན་པོ་གཉིས་སུ་འདུ་བ་སྟེ།
དང་པོ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡིན།
༡ ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་བཀའ་རྒྱ་དང་གཏན་འགོག་གི་བཀའ་རྒྱ་གང་ཞིག་དང་དུ་མི་ལེན་ཞིང་མི་སྒྲུབ་པ་དང་། ཡང་ན་ཁ་བཤད་ཁས་ལེན་གྱི་ཚིག་ལ་མཁས་ཀྱང་། ལས་ཀ་སྒྲུབ་པར་དོན་མཐའ་འཁྱོངས་མི་ཐུབ་པ། ཁ་བཤད་དོན་ལ་མི་གནས་པར་དོན་དངོས་དང་མང་ཚོགས་ལ་རྒྱབ་འགལ་བྱས་ནས་མཇུག་འབྲས་ཚབས་ཆེན་བསགས་པའི་བྱ་སྤྱོད་རིགས།
༢ དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་ཞབས་འདེགས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་གང་ཞིག་ཁག་ཁུར་དུ་མི་ལེན་པ། ཡང་ན་ཡག་པོ་མི་སྒྲུབ་པ། སྒྲུབ་ཀྱང་ཕྱིའི་རྣམ་པ་ཙམ་ལས་ནང་སེམས་ཀྱིས་དེ་ལ་ཤ་འབད་རུས་འབད་མི་བྱེད་པ་སོགས་ལས་ཀའི་སྤུས་ཚད་ཧ་ཅང་ཉམས་ཞན་ཞིང་། འཕེལ་རྒྱས་ལ་བཀག་རྒྱ་ཆེན་པོ་ཐེབས་པའི་བྱ་སྤྱོད་རིགས།
༣ མི་དམངས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་དུས་ལ་སྒྱུད་ལུག་གི་ངང་ནས་སྒྲུབ་ཐུབ་ཙམ་བྱེད་པ་དང་། རྣམ་འགྱུར་མི་ལེགས་པ་བསྟན་ནས་སྒྲིག་ཁྲིམས་ལྟར་མི་སྒྲུབ་པ། ལས་ཀར་མི་འཇོན་ཞིང་། གཟོད་བསྲན་དང་ངང་རིང་གི་སྤྱོད་པ་ལས་རིང་དུ་བྲལ་ནས་གང་འདོད་དུ་སྒྲུབ་བྱའི་ལས་ཀ་བསམ་བཞིན་དུ་ནར་འགྱངས་བྱེད་པ། ལས་སྒྲུབ་དངོས་ལ་ཕན་འབྲས་ཆེར་ཐོན་མི་ཐུབ་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་ཅིང་མང་ཚོགས་ཀྱིས་ཀྱང་དེ་ལ་བསམ་འཆར་ཆེན་པོ་ཡོད་པའི་བྱ་སྤྱོད་རིགས།
༤ ཡིག་ཆ་འབོར་ཆེན་སྤུངས་ཤིང་གྲོས་ཚོགས་མང་དུ་བསྡུ་བའི་རྣམ་པ་དེ་ཡར་སྔོན་བཅོས་སྐྱོང་བྱས་ཡོད་ན་ཡང་། རྣམ་པ་ཙམ་ལས་དོན་གྱིས་སྟོང་བའི་ཚོགས་འདུ་དེ་རིགས་ད་ལྟ་སྔར་བཞིན་བསྡུ་བ་དང་། ཡུལ་དུས་ངེས་མེད་ལ་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་གང་འདོད་བྱེད་པ། ཡང་ན་ལས་ཀའི་ཁྲོད་དགེ་སྐྱོན་གཉིས་ལས་སྐྱོན་ཁོ་ན་བརྟག་ནས་ཚད་ལས་བརྒལ་བའི་སྒོ་ནས་ལས་ཀ་དངོས་ལ་ཐོབ་པའི་ཕན་འབྲས་ལ་དོ་སྣང་མི་བྱེད་པར་གཞི་རིམ་གྱི་བྱ་བར་གནོན་ཤུགས་ཆེན་པོ་སྤྲོད་པའི་བྱ་སྤྱོད་རིགས།
གཉིས་པ། སྤྲོ་སྣང་རིང་ལུགས་དང་རྒྱས་སྤྲོས་ལ་སྤྱོད་པའི་གནད་དོན་ཡིན།
གཅིག སྒྲིག་འགལ་གྱི་སྒོ་ནས་ཁྱད་ལྡན་ཐོན་རྫས་གྲགས་ཅན་དང་ལེགས་སྐྱེས་དང་གསུག་རྔན་རྫོངས་ལེན།
༡ སྒྲིག་འགལ་གྱི་སྒོ་ནས་ཁྱད་ལྡན་ཐོན་རྫས་གྲགས་ཅན་དང་ལེགས་སྐྱེས་དང་གསུག་རྔན་རྫོངས་ལེན།
༢ གསུག་རྔན་དང་ལེགས་སྐྱེས་གཞན་པ་སྒྲིག་འགལ་གྱི་སྒོ་ནས་རྫོངས་ལེན།
གཉིས། སྒྲིག་འགལ་གྱི་སྒོ་ནས་ཟ་འཐུང་།
༡ སྒྲིག་འགལ་གྱི་སྒོ་ནས་གཞུང་དངུལ་གྱིས་ཟ་འཐུང་བྱེད་པ།
༢ དོ་དམ་དང་ཞབས་ཞུ་བྱ་ཡུལ་ལ་སོགས་ཀྱི་གསོལ་སྟོན་སྣེ་ལེན་ལ་སྒྲིག་འགལ་གྱི་སྒོ་ནས་དང་ལེན་བྱེད་པ།
གསུམ། གཉེན་སྟོན་དང་འདས་མཆོད་ལ་སོགས་སྒྲིག་འགལ་གྱི་སྒོ་ནས་བསྒྲུབ་མི་ཆོག་པ།
བཞི། ཕོགས་དངུལ་གསབ་དངུལ་དང་ཕན་བདེ་སྒྲིག་འགལ་གྱིས་སྤྲོད་པ།
ལྔ། གཞུང་དངུལ་བཀོལ་ཏེ་ཡུལ་སྐོར་བྱེད་པ། སྒྲིག་འགལ་གྱི་སྒོ་ནས་དོ་དམ་དང་ཞབས་ཞུ་བྱ་ཡུལ་སོགས་ཀྱི་ཡུལ་སྐོར་བྱེད་སྒོ་བཀོད་སྒྲིག་དང་ལེན་བྱེད་པ།
དྲུག གཞན་དག
༡ སྒྲིག་འགལ་གྱི་སྒོ་ནས་གཞུང་འཁོར་བཀོད་སྤྱོད་དང་བཀོད་སྒྲིག་རྒྱག་པ།
༢ སྒྲིག་འགལ་གྱི་སྒོ་ནས་གཞུང་སྒྲུབ་ཐོག་ཁང་དང་ཚོགས་ཁང་། མགྲོན་ཁང་ལ་སོགས་འཛུགས་སྐྲུན་དང་བཀོལ་སྤྱོད་བྱེད་པ།
༣ ཚད་ལས་བརྒལ་བའི་སྣེ་ལེན་མཁོ་འདོན་དང་དང་ལེན་བྱེད་པ།
༤ གཞུང་དངུལ་བཏང་ནས་རོལ་རྩེད་དང་ལུས་ཕུང་སྦྱོང་བརྡར་ལ་སོགས་སྒྲིག་འཛུགས་བྱེད་པ་དང་ཡང་ན་དེའི་ཁྲོད་ཞུགས་པ།
༥ དྲང་གཞག་གི་སྒོ་ནས་གཞུང་དོན་བསྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་ལུས་ཕུང་སྦྱོང་བརྡར་དང་རོལ་རྩེད་ལ་སོགས་དང་ལེན་དང་ཡང་ན་ཕ་རོལ་པོར་མཁོ་འདོན་བྱེད་པ།
༦ སྒྲིག་འགལ་གྱི་སྒོ་ནས་སྒེར་གཉེར་འདུ་གནས་སུ་འགྲོ་འོང་བྱེད་པ།
༧ མགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་གྱི་སྒོ་ནས་སྡོད་ཁང་མང་པོ་བདག་བཟུང་བྱེད་པ།