ནགས་ཚལ་མེ་འགོག་ཐད་ཀྱི“མི་རུང་བ་བཅུ”།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

གཅིག  མེ་ཆ་དང་། དུ་བ། འབར་ལྕོག་ལ་སོགས་མེ་སོན་རིགས་ནགས་ཚལ་དུ་འཁྱེར་མི་རུང་།

གཉིས།  ནགས་ཁུལ་དུ་དུ་བ་འཐེན་པ་དང་མཚན་མོར་མེ་ལྕོག་སྒྲོན་ནས་འགྲོ་མི་རུང་།

གསུམ།  རི་གསེབ་ཏུ་མེ་སྒོང་རྒྱག་པ་དང་ཡང་ན་ཟས་གཡོ་བ།  ཤ་དང་ཟས་རིགས་སོགས་སྲེག་བྱ་གཞན་སྲེག་མི་རུང་།

བཞི།   ནགས་ཁུལ་དུ་སྤོས་བདུག་པ་དང་། ཤོག་བུ་སྲེག་པ།  ཤོག་སྦག་རྒྱག་པ་སོགས་བྱ་བྱེད་སྤེལ་མི་རུང་།
   ལྔ།   ཞིང་ཚིགས་ཀྱི་རྩྭ་དང་རྩྭ་སྤུངས་མེར་སྦར་མི་རུང་།
   དྲུག   མི་དམིགས་བསལ་བ་དང་གཞོན་ནུ་ལོ་ཆུང་དག་གིས་ནགས་ཚལ་དུ་མེ་རྩེད་མི་རུང་།
   བདུན།   ཕྱི་ནས་མེ་སྒོང་བརྒྱབ་ཏེ་དྲོད་གསོ་མི་རུང་། 
   བརྒྱད།  རླངས་འཁོར་བསྐོར་ནས་འགྲོ་དུས་དུ་སྣེ་ཕྱིར་འཕེན་མི་རུང་། 
   དགུ།  ནགས་ཁུལ་དུ་རི་དྭགས་རྔོན་པ་དང་ཡང་ན་མེ་སྦར་ནས་རི་དྭགས་བདའ་མི་རུང་། 
   བཅུ།  རྒན་པོ་དང་། བྱིས་པ།  མི་ཉམས་ཆུང་།  ནད་པ།  དབང་པོ་སྐྱོན་ཅན་རིགས་མེ་གསོད་ཉེན་སྐྱོབ་ཀྱི་ཁྲོད་དུ་ཞུགས་མི་རུང་།
   ནགས་ཚལ་མེ་ཤོར་ཚད་ཀྱི་རིམ་པའི་སྐོར།
 
  2008ལོའི་ཟླ11ཚེས19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་སྟེང་བཟོ་བཅོས་བརྒྱབ་པའི《ནགས་ཚལ་གྱི་མེ་འགོག་སྲོལ་ཡིག》གཞིར་བཟུང་།    ནགས་ཚལ་མེར་ཤོར་བའི་རྒྱ་ཁྱོན་དང་རྨས་ཕོག་པའི་མི་གྲངས་ལྟར་དུ་ནགས་ཚལ་མེ་ཤོར་བ་དེ་ནགས་ཚལ་མེ་ཤོར་བ་སྤྱིར་བཏང་ཡིན་པ།  ནགས་ཚལ་མེར་ཤོར་བ་ཅུང་ཆེ་བ། ནགས་ཚལ་མེར་ཤོར་བ་ཚབས་ཆེ་བ། ནགས་ཚལ་མེར་ཤོར་བ་ཧ་ཅང་ཚབས་ཆེ་བ་བཅས་རིམ་པ་བཞི་བགར་ཡོད།
   མེར་ཤོར་ཚད་སྤྱིར་བཏང་བ།   མེར་ཤོར་བའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་གཅིག་མན་དང་ཡང་ན་ནགས་ས་གཞན་མེར་ཤོར་བ།  ཡང་ན་མི་གཅིག་གི་ཡན་དང་མི་གསུམ་གྱི་མན་ཤི་བ།  ཡང་ན་མི་གཅིག་གི་ཡན་དང་མི་བཅུ་ཡིན་མན་ལ་རྨས་ཆེན་པོ་ཕོག་པ་དག་ནི་རིམ་པ་འདིའི་ཁོངས་སུ་གཏོགས།

མེར་ཤོར་ཚད་ཅུང་ཆེ་བ།   མེར་ཤོར་བའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་གཅིན་ཡན་དང་སྤྱི་ཆིང100མན།  ཡང་ན་མི་གསུམ་གྱི་ཡན་དང་མི10ཡི་མན་ཤི་བ།  ཡང་ན་མི་བཅུ་ཡི་ཡན་དང་མི་ལྔ་བཅུ་ཡི་མན་ལ་རྨས་ཆེན་པོ་ཕོག་པ་ཡིན་ན་རིམ་པ་འདིའི་ཁོངས་སུ་གཏོགས།
   མེར་ཤོར་ཚད་ཚབས་ཆེ་བ།   མེར་ཤོར་བའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང100ཡན་ནས་སྤྱི་ཆིངས་1000མན་ཡིན་པ། ཡང་ན་མི10ཡི་ཡན་ནས་མི30ཡི་མན་ཤི་བ།  ཡང་ན་མི་ལྔ་བཅུ་ཡན་ནས་མི་བརྒྱ་ཡི་མན་ལ་རྨས་ཚབས་ཆེན་ཕོག་པ་ཡིན་ན་རིམ་པ་འདིའི་ཁོངས་སུ་གཏོགས། 
   མེར་ཤོར་ཚད་ཧ་ཅང་ཚབས་ཆེ་བ། མེར་ཤོར་བའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང1000ཡན་ལ་བསླེབས་པ།  ཡང་ན་མི30ཡི་ཡན་ཤི་བ། ཡང་ན་མི100ཡི་ཡན་ལ་རྨས་ཆེན་པོ་ཕོག་པ་ཡིན་ན་རིམ་པ་འདིའི་ཁོངས་སུ་གཏོགས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།