ཉེན་རྟོག་པས་རྩྭ་སའི་རྩོད་གཞི་ཞིག་བར་འདུམ་བྱས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཁྲིམས།

ཉེན་རྟོག་པས་རྩྭ་སའི་རྩོད་གཞི་འདུམ་བྱས་པ།

ཉེ་ཆར། རྨ་སྟོད་རྫོང་རྨ་ཕྲ་ལུ་མངགས་གཏོང་ཁང་གི་ལས་རེས་མི་སྣར་མངའ་ཁུལ་གྱི་འབྲོག་པ་རིག་ཆེ་གེ་མོའི་ཁ་པར་འབྱོར་ནས་ཁོའི་རྩྭ་དང་གཟན་ཆས་གཞན་གྱིས་བརྐུས་སོང་བས་ཉེན་རྟོག་པ་མངགས་རོགས་ཞེས་སྙན་སེང་ཞུས། ཉེན་རྟོག་པ་འཕྲལ་མར་ཡུལ་དངོས་སུ་བསྐྱོད་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། རིག་ཆེ་གེ་མོར་མངའ་ཁུལ་དུ་རྩྭ་ར་ཞིག་ཡོད་ལ། མཁའ་ཆེ་གེ་མོ་དང་ཁོ་གཉིས་ཀྱིས་དུས་ཡུན་ལོ2ཀྱི་གྲོས་མཐུན་བཞག་ནས་རིག་ཆེ་གེ་མོའི་རྩྭ་ར་རུ་ཕྱུགས་འཚོས་པ་རེད། རྗེས་སུ་མཁའ་ཆེ་གེ་མོར་དཔལ་འབྱོར་གྱི་དཀའ་ངལ་བྱུང་བའི་དབང་གིས་ཡིག་ཐོག་གི་གྲོས་མཐུན་མཚམས་བཞག་པ་དང་། ཕྱོགས་གཉིས་པོས་གྲོན་དངུལ་སྤྲོད་རྒྱུའི་གནད་དོན་ཐད་རྩོད་གླེང་བྱུང་ནས་ཐེངས་མང་པོར་གྲོས་བྱས་ཀྱང་གྲུབ་འབྲས་མ་ཐོབ་པའི་རྐྱེན་གྱིས་ཉེན་རྟོག་པར་ཡར་ཞུ་བྱས།

འདུམ་སྒྲིག་གི་བརྒྱུད་རིམ་ཁྲོད་དུ། རྨ་ཕྲ་ལུ་མངགས་གཏོང་ཁང་གི་ཉེན་རྟོག་པས་སྡེ་བའི་ཨུ་ལྷན་དང་ཁྲིམས་འཛིན་སའོ་དང་འབྲེལ་བ་ཧུར་ཐག་བྱས་ཏེ། རྨ་ཕྲ་ལུ་མངགས་གཏོང་ཁང་གི་འདུམ་སྒྲིག་ཁང་ལ་བརྟེན་ནས་ཡུལ་དངོས་སུ་འདུམ་སྒྲིག་བྱས། ཞིབ་དཔྱད་བྱས་པ་བརྒྱུད། མཁའ་ཆེ་གེ་མོས་སྔོན་ལ་མཉམ་ལས་མཚམས་འཇོག་དགོས་ཞེས་བཤད་ཀྱང་ལོ་དེའི་རྩྭ་ར་བེད་སྤྱོད་ཀྱི་གྲོན་དངུལ་སྤྲོད་པའི་འོས་འགན་ལག་བསྟར་བྱས་མེད་ཅིང་། རིག་ཆེ་གེ་མོའི་རྩྭ་རར་གྱོང་གུད་ཅི་ཡང་བཟོས་མེད་པའི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་རྗེས། ཉེན་རྟོག་པསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་སའི་བཅའ་ཁྲིམསདང་དེ་བཞིན་ཁྱིམ་མཚེས་ཀྱིས་ཁ་ཏ་བྱས་པ་བརྒྱུད། ཕྱོགས་གཉིས་པོའི་འགལ་བ་གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་བྱས་པ་རེད།

ཐེངས་འདིའི་འགལ་བ་དང་རྩོད་གཞི་དེ་འདུམ་སྒྲིག་བྱེད་པའི་གོ་སྐབས་སུ་བརྩིས་ཏེ། རྨ་ཕྲ་ལུ་མངགས་གཏོང་ཁང་གིས་མངའ་ཁུལ་དུ“རྩྭ་སའི་རྩོད་གཞི་དང་འབྲེལ་བའི་བཅའ་ཁྲིམས་ཤེས་བྱ་དྲིལ་སྒྲོག་ཚོགས་འདུ”སྤེལ་ནས་མང་ཚོགས་ཀྱི་ཁྲིམས་ལྟར་རྩོད་གཞི་ཐག་གཅོད་བྱེད་པའི་འདུ་ཤེས་མཐོར་འདེགས་བཏང་བར་མ་ཟད། འབྲོག་ཁུལ་གྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་པར་ཉམས་མྱོང་མཁོ་སྤྲོད་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།