དེ་ནི་སློབ་གསོ་པུའུ་ཡིས་མཐོ་རིམ་སློབ་གྲྭའི་སློབ་མའི་ལས་ཞུགས་ནུས་པ་ཆེར་བསྐྱེད་ལ་དམིགས་སུ་བཀོད་སྒྲིག་བྱས་པའི་འཆར་གཞི་ཞིག་རེད། དམིགས་ཡུལ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“ཆེད་ལས་ཆུང་ངུ”(ཡང་ན་ཆེད་ལས་སློབ་ཚན་ཚོགས)རིགས1000དང་ལས་རིགས་ནུས་པ་གསོ་སྐྱོང་གི་སློབ་ཚན1000གསར་དུ་འཛུགས་པར་སྐུལ་འདེད་གཏང་ཕྱིར་དུ་བཀོད་པའི་འཆར་གཞི་ཞིག་ཡིན་པ་དང་། གཙོ་བོ་ལས་ཞུགས་སྐུལ་སྤེལ་དམིགས་སུ་བཟུང་སྟེ། སློབ་མ་སློབ་གྲྭ་ནས་མཐར་མ་ཕྱིན་གོང་དུ་ལས་ཞུགས་ཀྱི་ནུས་པ་ཆེན་པོ་ལྡན་པར་རོགས་རམ་བྱས་ནས་ལས་ཞུགས་ལ་སྤུས་ཚད་མཐོ་བའི་སྒོ་ནས་འཇུག་ཐུབ་པར་སྐུལ་འདེད་གཏང་ཆེད་རེད།
འཆར་གཞིའི་དེའི་རྒྱབ་ལྗོངས་དང་དམིགས་འབེན་ནི། སྟོང་གཉིས་འཆར་གཞི་ཡིས་འབྱུང་འགྱུར་གྱི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་སྤེལ། སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར། གྲངས་ཀའི་དཔལ་འབྱོར། ལྗང་མདོག་དཔལ་འབྱོར། མཁའ་དམན་དཔལ་འབྱོར། དམངས་ཚིས་ཞབས་ཞུ་འགན་སྲུང་ལ་སོགས་ཀྱི་ཉེ་བར་མཁོ་བའི་འཇོན་མི་ཁྱབ་ཁོངས་ལ་ཕྱོགས་པ་ཞིག་ཡིན། གཙོ་བོ་དངོས་གཞི་དང་མཐོ་རིམ་ལས་རིགས་སློབ་གསོ(ཆེད་ཚན)ཁྲོད་ཀྱི་ལོ་རིམ་མཐོ་བའི་སློབ་མར་ཁ་ཕྱོགས་ནས་གཟུག་པའི་སློབ་ཚན་ཡིན། འཆར་གཞི་དེས་རིགས་མི་འདྲ་བའི“ཆེད་ལས་ཆུང་ངུ”དང་ལས་རིགས་ནུས་པ་གསོ་སྐྱོང་གི་སློབ་ཚན་དུ་མ་གསར་དུ་བཙུགས་ཏེ། སློབ་མ་རྣམས་ཀྱི་ཤེས་བྱ་དང་རྩལ་ནུས་ཀྱི་གྲུབ་སྟངས་ཆ་ལ་ཆད་སྐྱོན་ཡོད་པ་ཁ་གསབ་དང་བཅོས་སྒྱུར་ལ་རོགས་རམ་བྱས་ནས་སློབ་གྲྭ་ནས་མཐར་མ་ཕྱིན་གོང་དུ་ལས་ཞུགས་ཀྱི་ནུས་པ་ལྡན་པ་ཞིག་ཏུ་བསྒྱུར་བར་རམ་འདེགས་བྱ་ཆེད་རེད།
ནང་དོན་དང་ལག་བསྟར་བྱེད་ཐབས།
ཆེད་ལས་ཆུང་ངུ་ནི། གཙོ་བོ་ཧ་ཅང་དཀོན་ལ་ཉེ་བར་མཁོ་བའི་རིགས་དང་། ལག་རྩལ་བཀོལ་སྤྱོད་རིགས། སྣོལ་སྡེབ་མཉམ་འདུས་རིགས་བཅས་རིགས་གསུམ་དབྱེ་ཡོད། དེ་ཡང་མཐོ་སློབ་ཀྱིས་དགོས་མཁོ་དངོས་ལ་སྦྱར་ཏེ་རིགས་མི་འདྲ་བའི“ཆེད་ལས་ཆུང་ངུ”དུ་མ་གསར་དུ་འཛུགས་དགོས་ཚེ། ཐོག་མར་ཧ་ཅང་དཀོན་ལ་ཉེ་བར་མཁོ་བའི་འཇོན་མི་དང་རྩལ་ནུས་བཀོལ་སྤྱོད་རིགས་ཀྱི་སློབ་ཚན་བཙུགས་ཏེ། སློབ་མས་དྲ་ཐོག་དང་དྲ་འོག་གཉིས་ཀ་ནས་ཆེད་ལས་སློབ་ཚན་ཁྲོད་ཀྱི་སློབ་ཚན3ནས10ལ་སློབ་སྦྱོང་བྱེད་ཐུབ་པར་རྒྱབ་སྐྱོར་བྱས་ནས་སློབ་སྦྱོང་གི་ལས་འགན་འགྲུབ་ཆོག་པ་ཞིག་རེད།
ལས་རིགས་ནུས་པ་སྐྱེད་སྲིང་གི་སློབ་ཚན་ནི། རྨང་གཞིའི་བྱང་ཚད་མཐོར་འདེགས་གཏང་བའི་རིགས་དང་། ཆེད་ལས་རྩལ་ནུས་སྦྱོང་བརྡར་གྱི་རིགས། མིས་བཟོས་འཕྲུལ་ཆས་བཀོལ་སྤྱོད་རིགས། དངོས་སྦྱོང་དང་ལག་ལེན་རིགས་སོགས་དབྱེ་བ་མང་། མཐོ་སློབ་ཀྱིས་ཐོག་མར2025ལོའི་མཐར་ཕྱིན་སློབ་མ་ནང་ཞུགས་དང་བབ་བསྟུན་གྱི་སློབ་འབྲས་དཔང་ཡིག་ཐོབ་པར་སྐུལ་སློང་བྱས་ཏེ། ལས་ཞུགས་ནུས་པ་ཆེར་བསྐྱེད་ལ་རོགས་རམ་བྱེད་དགོས་པ་ཞིག་རེད།