སྡེ་ཚན་གཉིས་ཀྱིས་རྒན་གསོའི་སྒྲིག་གཞིས་དུས་མཉམ་དུ་དམིགས་བསལ་དབུལ་ཕོངས་གསོ་སྐྱོང་མི་སྣ་བསྡུ་ཉར་བྱེད་པར་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་ཇེ་དམའ་རུ་བཏང་མི་ཆོག་པར་བསྟན་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན་གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་གསལ་ལྟར་ན། ཉེ་ཆར་དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས་ཆེད་དམིགས་བརྡ་སྦྱོར་དཔར་འགྲེམ་བྱས་ནས། དཔལ་འབྱོར་དཀའ་ངལ་ཡོད་པ་དང་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིའི་གཅིག་སྡུད་ལྟ་སྐྱོང་ཞབས་ཞུའི་འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་ཡག་པོ་བྱས། བརྡ་སྦྱོར་ནང་། དཔལ་འབྱོར་དཀའ་ངལ་ཡོད་པ་དང་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིའི་རྒན་གསོའི་སྒྲིག་གཞིས《རྒན་གསོའི་སྒྲིག་གཞིའི་ཞབས་ཞུ་བདེ་འཇགས་ཀྱི་གཞི་རྩའི་ཚད་གཞིའི》བཙན་ཤེད་རང་བཞིན་གྱི་ཚད་གཞིའི་བླང་བྱ་སྐོང་དགོས་པ་མ་ཟད། ནུས་པ་ཤོར་ཚད་འབྲིང་ཙམ་དང་དེ་ཡན་གྱི་རྒན་རྒོན་བསྡུ་ཉར་བྱེད་པའི་ཞབས་ཞུའི་ཆ་རྐྱེན་ཡོད་པ་དག་གིས་ཟས་ཐབ་དབྱེ་ནས་ཟ་མ་བསྐོལ་བ་དང་། ཁུལ་དབྱེ་ནས་ལོགས་འབྱེད་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་དཔལ་འབྱོར་དཀའ་ངལ་དང་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིར་ལྟ་སྟངས་མི་འདྲ་བ་བཟུང་མི་ཆོག རྒན་གསོ་ལས་ཁུངས་ཀྱིས་དུས་མཚུངས་སུ་དམིགས་བསལ་དབུལ་ཕོངས་གསོ་སྐྱོང་མི་སྣ་བསྡུ་ཉར་བྱེད་པར། དམིགས་བསལ་དབུལ་ཕོངས་གསོ་སྐྱོང་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་ཇེ་དམའ་རུ་བཏང་མི་ཆོག་པའི་བླང་བྱ་བཏོན།

བརྡ་སྦྱོར་ནང་། གཅིག་བསྡུས་ལྟ་སྐྱོང་ཞབས་ཞུ་བྱ་ཡུལ་གྱི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་པ་སྟེ། གཙོ་བོ་ནི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་སུ་བཅུག་པ་མ་ཟད། རང་མོས་ངང་རྒན་གསོའི་སྒྲིག་གཞིར་སྡོད་པའི་ནུས་ཤོར་རྒན་རྒོན(དཔྱད་དཔོག་བྱས་པ་བརྒྱུད་ནུས་ཤོར་འབྲིང་ཙམ་དང་ནུས་ཤོར་ཚབས་ཆེ་བ། ནུས་པ་རྦད་དེ་ཤོར་བ་བཅས་ཡིན་པའི་རྒན་རྒོན)དང་ལོ་ན་མཐོ་བའི་རྒན་རྒོན(ལོ་ན80ཡན་གྱི་རྒན་རྒོན)ཡིན་པ་རེད། ཡུན་རིང་བདག་སྐྱོང་འགན་བཅོལ་སྲིད་ཇུས་ལག་བསྟར་བྱེད་པའི་ས་ཁུལ་གྱི་འགན་བཅོལ་ནང་ཞུགས་མཁན་མི་སྣས་ཐེབས་རྩ་བརྒྱུད་ནས་གཞི་རྩའི་བདག་སྐྱོང་ཞབས་ཞུའི་གྲོན་དངུལ་སྤྲད་ཟིན་པ་དག་རོགས་སྐྱོབ་ཁྱབ་ཁོངས་སུ་འཇུག་རྒྱུ་མིན་པ་གསལ་བོར་བསྟན་ཡོད།

བརྡ་སྦྱོར་ནང་གཅིག་བསྡུས་ལྟ་སྐྱོང་ཞབས་ཞུའི་ཚད་གཞི་དང་ཁ་གསབ་ཚད་གཞི་སོགས་ཀྱི་ཐད་གཏན་འབེབས་བྱས་ཡོད། བརྡ་སྦྱོར་ནང་། ས་གནས་སོ་སོས་རིམ་པ་དང་རིགས་དབྱེ་བའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་གི་སྤྱིའི་བླང་བྱ་གཞིར་བཟུང་། དཔལ་འབྱོར་དཀའ་ངལ་ཡོད་པ་དང་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིའི་གཅིག་སྡུད་ལྟ་སྐྱོང་ཞབས་ཞུའི་ཚད་གཞི་དང་ཁ་གསབ་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། རྩ་དོན་སྟེང་དཔལ་འབྱོར་དཀའ་ངལ་ཡོད་པ་དང་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིའི་གཅིག་བསྡུས་ལྟ་སྐྱོང་ཞབས་ཞུའི་ཚད་གཞི་དེ་ས་གནས་དེ་གའི་དམིགས་བསལ་དབུལ་ཕོངས་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དང་བདག་སྐྱོང་ལྟ་སྐྱོང་ཧྲིལ་བོའི་ཚད་གཞིའི་བསྡོམས་འབོར་ལས་བརྒལ་མི་ཆོག རྒན་གསོ་ལས་ཁུངས་སུ་སྡོད་པའི་དཔལ་འབྱོར་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ཁ་གསབ་བྱེད་པའི་ཚད་གཞི་དེ་གཅིག་བསྡུས་ལྟ་སྐྱོང་ཞབས་ཞུའི་ཚད་གཞི་དང་ས་གནས་དེ་གའི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཚད་གཞིའི་ཁྱད་པར་ལྟར་གཏན་འཁེལ་བྱེད་དགོས་པ་དང་འབྲེལ་དཔལ་འབྱོར་དཀའ་ངལ་དང་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིའི་རྒན་རྒོན་གྱི་བདག་སྐྱོང་ཁ་གསབ་དང་། རྒན་གསོ་ཞབས་ཞུའི་ཁ་གསབ། དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”ལ་གཞིགས་ཏེ་འཐེན་དགོས་པར་ནན་གྱིས་བསྟན་ཡོད།

བརྡ་སྦྱོར་ནང་ད་དུང་ཆ་རྐྱེན་ཡོད་པའི་ས་གནས་ཀྱིས“རྒན་རྒོན་ཕ་མ་དང་དབང་པོ་སྐྱོན་ཅན་བུ་ཕྲུག”གི་ཁྱིམ་ཚང་ཁྲོད་ཀྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་སུ་བཅུག་པའི་དབང་པོ་སྐྱོན་ཅན་ཚབས་ཆེན་རྣམས་གཅིག་བསྡུས་ལྟ་སྐྱོང་ཁྱབ་ཁོངས་སུ་བཅུག་ནས་བརྡ་སྦྱོར་འདི་གཞིར་བཟུང་ལག་བསྟར་བྱེད་ཆོག་པར་བསྟན་ཡོད། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།