རིན་སྡུར་གོང་བདེ་ཡི་སྨན་རྫས་ཉོ་བྱེད་ཀྱི་བཀོལ་བདེ་ལག་ཆ་ཞིག་གཞུང་ཕྱོགས་ནས་བཏོན་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ད་ལྟ་རིན་གོང་གང་བདེ་དང་།  རྒྱུ་སྤུས་གང་བཟང་བསྡུར་ནས་སྨན་ཉོས་ཆོག་པ་མ་ཟད། ཁ་པར་གྱི་སྟེང་ནས་ཐད་ཀར་བདམས་ནས་ཉོས་ཆོག་པའི་ལག་ཆ་ཞིག་གཞུང་ཕྱོགས་ནས་བཏོན་འདུག 2024ལོའི་ཟླ7པ་ནས་བཟུང་།  པེ་ཅིང་དང་། ཐིན་ཅིན།  ཧི་པའེ།  ཧྲན་ཞི།  ནང་སོག   ལིའོ་ཉིང་། ཧེ་ལུང་ཅིང་།  ཧྲང་ཧའེ། དེ་མིན་བོད་ལྗོངས་དང་ཀན་སུའུ། མཚོ་སྔོན། ཤིན་ཅང་སོགས་ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)29རུ་སྔ་གཞུག་ཏུ་སྨན་རྫས་འགན་བཅོལ་དམིགས་གཉེར་སྨན་ཁང་གི་སྨན་རིན་གང་བདེ་ལ་ལྟ་ཐུབ་མ་ཟད་དུས་ཐོག་ཏུ་ཉོ་ཐུབ་པའི་སྒྲིག་རིམ་ཆུང་བ(小程序)ཞིག་བཏོན་ཡོད་པ་རེད།   དེ་ནི་རང་ལ་མཁོ་བའི་སྨན་དེ་སྨན་རྫས་ཚོང་ཁང་གང་དུ་ཉོ་ཐུབ་པ་དང་། སྨན་རྫས་ཚོང་ཁང་གཞན་རྣམས་ཀྱི་སྨན་དེའི་བྲིན་འཚོང་རིན་གོང་ག་འདྲ་ཡིན་པ་སོགས་སྨན་ཁང་དུ་མ་སོང་ཡང་ཁ་པར་གྱི་སྟེང་ནས་གསལ་བོར་རྟོགས་ཐུབ་པ་མ་ཟད།   སྨན་གང་ལེགས་པ་དང་རིན་གོང་གང་བདེ་བ་ལམ་སང་བདམས་ནས་ཉོས་ཆོག་པ་ཞིག་རེད།

མང་ཚོགས་ཀྱིས་ས་གནས་གང་དེའི་སྨན་རྫས་འགན་ལེན་ཅུས་ཀྱིAPPདང་། སྐད་འཕྲིན་གྱི་སྒྲིག་རིམ་ཆུང་བ།   སྐད་འཕྲིན་སྤྱི་རྟགས།    དངུལ་སྤྲོད་འབོག(支付宝)  སྒྲིག་རིམ་ཆུང་བ(小程序)སོགས་བརྒྱུད་དེ་སྨན་རྫས་ཀྱི་གོང་བསྡུར་ལ་ལྟ་ཐུབ་པ་མ་ཟད། ཁ་པར་གྱི་སྟེང་ནས་སྨན་རྫས་རྩད་ཞིབ་དང་དུས་ཐོག་གཤིབ་བསྡུར།  སྡོད་གནས་ཁྲིད་སྟོན་སོགས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ།   དེ་བཞིན་དུ་ཞིང་ཆེན་ཁག་ཅིག་གིས་འགན་བཅོལ་དམིགས་གཉེར་གྱི་སྨན་རྫས་ཚོང་ཁང་གི་གོང་བསྡུར་སྒྲིག་རིམ་ཆུང་བས་ད་དུང་སྨན་མཛོད་ཀྱི་གནས་ཚུལ་དང་། རིན་གོང་ཚུལ་ལྡན་མིན་པར་གསལ་འདེབས།   རིན་གོང་གནས་ཚུལ་ལ་དབྱེ་ཞིབ་སོགས་འབྲེལ་ཡོད་བྱེད་ནུས་ཀྱང་བཏོན་ཡོད་པ་རེད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།