མཚོ་སྔོན་གྱིས་བྱ་བའི་མཛུབ་ཁྲིད་སྒྲིག་སྲོལ་བཏོན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་པ་ལྟར་ན།    མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུར་མཛུབ་ཁྲིད་དང་ཚད་ལྡན་དུ་གཏོང་ཆེད། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཉེ་ལམ《མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུའི་བྱ་བའི་མཛུབ་ཁྲིད་སྒྲིག་སྲོལ》པར་འགྲེམས་བྱས་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པའི“ལྟེ་བ་གཅིག་དང་གདུབ་གཅིག རྒྱུད་མང་པོའི”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་གཙོ་གནད་དུ་དམིགས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་སྣེ་ཁྲིད་དུ་བྱེད་པ། སྐྱེ་ཁམས་དང་ཡུལ་སྐོར་ནུས་ལྡན་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་ཐོལ་བརྒལ་དུ་བརྩི་བ།    སྤུས་ཚད་མཐོ་བའི་འདོན་སྤྲོད་ཀྱིས་ཁྲོམ་རའི་དགོས་མཁོ་གསར་པ་གཏོད་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། དེང་རབས་ཡུལ་སྐོར་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་དང་།    སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

རྒྱུས་ལོན་པ་ལྟར་ན། 《བྱ་བའི་མཛུབ་ཁྲིད་སྒྲིག་སྲོལ》ནི་སྤྱིའི་རྩ་དོན་དང་། བྱ་བའི་རྩ་དོན།    བྱ་བའི་དམིགས་འབེན། བྱ་བའི་ལས་འགན། ཕྱོགས་བསྡུས་དོ་དམ། དཔྱད་འཇོག་དོ་དམ།    ཟུར་བཀོད་སྒྲིག་སྲོལ་བཅས་ཁག་བདུན་ལས་གྲུབ་ཡོད། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་བྱ་བའི་ནང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་།    ཏང་སྲིད་ཀྱིས་གཅིག་གྱུར་འཆར་འགོད་བྱེད་པ།    མཉམ་འདྲེས་མཉམ་སྤྱོད།    ཁྱད་ཆོས་བསྐྲུན་པ།    དཔེ་སྟོན་སྣེ་ཁྲིད་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།    སྐྱེ་ཁམས་ཡུལ་སྐོར་བཅོས་སྐྱོང་ཚད་ལྡན་ཅན་དང་།  ཁོངས་ཡོངས་ཅན་དང་དུས་ཚིགས་ཡོངས་ཅན།  འདོན་སྤྲོད་སྤུས་ཚད་ཅན།    དམངས་ཡོངས་ཟབ་ཞུགས་བྱེད་པ།    ཕན་འབྲས་ཆེ་བ་བཅས་ཀྱི“དམིགས་འབེན་ཆེན་པོ་དྲུག”མངོན་འགྱུར་བྱེད་དགོས།    ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མ་ལག་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་བྱ་བར་ཁ་ཕྱོགས་རང་བཞིན་གྱི་མཛུབ་ཁྲིད་ནུས་ལྡན་བྱས་ཡོད།

《བྱ་བའི་མཛུབ་ཁྲིད་སྒྲིག་སྲོལ》ནང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་འཛུགས་སྐྲུན་ལ་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་།    དམིགས་སའི་བཅོས་སྐྱོང་མ་ལག་འཛུགས་པ། འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་པ།  དམིགས་སའི་རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ།    འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ།    དམིགས་སའི་ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ།  ཞབས་ཞུའི་རྣམ་པ་གསར་གཏོད་དང་།    དམིགས་སའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ།  ཡུལ་སྐོར་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།    དམིགས་སའི་ནུས་ལྡན་མཁོ་སྤྲོད་ཇེ་མང་དུ་གཏོང་བ།    དྲིལ་བསྒྲགས་ཐབས་ལམ་རྒྱ་བསྐྱེད་པ།   དམིགས་སའི་ཚོང་རྟགས་གཟུགས་བརྙན་འབུར་དུ་ཐོན་པ། ཡུལ་སྐོར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ།  དམིགས་སའི་ཡུལ་སྐོར་ཁེ་དབང་འགན་སྲུང་བྱེད་པ་སོགས་ཕྱོགས་བདུན་གྱི་ནང་དོན་ནས་མཛུབ་ཁྲིད་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྒྲིག བདེ་འཇགས་འགན་སྲུང་། ལས་སྐྲུན་ལས་ཞུགས།    སྦྲེལ་མཐུད་ནུས་ལྡན་བཅས་ཀྱི་ནང་དོན་དྲུག་གི་ཐོག་ནས་དོ་དམ་ལ་ཤུགས་སྣོན་དགོས་པའི་བླང་བྱ་བཏོན། 《བྱ་བའི་མཛུབ་ཁྲིད་སྒྲིག་སྲོལ》གྱིས་རིག་གནས་དང་ཡུལ་སྐོར་སྲིད་འཛིན་དོ་དམ་སྡེ་ཁག་དང་དེ་མིན་འབྲེལ་ཡོད་ལས་ཁུངས། ཁེ་ལས་བཅས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་ཀྱི་དཔྱད་གཞི་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།