ལོ་སར་སྐབས་སུ་ཟི་ལིང་གི་ཡུལ་སྐོར་ཁྲོམ་ར་སྔར་བཞིན་ཚ་ཚ་འུར་འུར་རེད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ2པའི་ཚེས4ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ལོ་སར་སྐབས་སུ། ཟི་ལིང་གྲོང་ཁྱེར་གྱིས་དགའ་དགའ་སྤྲོ་སྤྲོའི་ལོ་སར་ལ་རོལ་ཅེས་པའི་བརྗོད་དོན་བྱེད་སྒོར་དམིགས་ནས་ཡུལ་སྐོར་བདེ་འཇགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་ཏེ་ཡུལ་སྐོར་ཐོན་རྫས་སྤུས་ལེགས་མཁོ་འདོན་དང་ཕུན་སུམ་ཚོགས་པར་བཏང་སྟེ་གྲོང་མི་ཡུལ་སྐོར་པའི་སྣ་མང་རང་བཞིན་དང་རིམ་པ་མང་པའི་ཡུལ་སྐོར་འཛད་སྤྱོད་དགོས་མཁོ་སྐོང་ཐུབ་པ་བྱས། རིམ་རྩིས་བྱས་ན་སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི106.68ཟིན་པ་དང་དུས་རིམ་མཚུངས་ལས15.18%འཕར། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར5.66མངོན་འགྱུར་བྱུང་བ་དུས་མཚུངས་ལས14.76%འཕར། གྲོང་ཁྱེར་ཡོངས་ཀྱི་གནད་ཆེའི་ཡུལ་སྐོར་ལྗོངས་རྒྱུའི་ལྗོངས་ཁུལ25ནང་བདམས་པའི་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་མི་ཐེངས་ཁྲི76.25སྣེ་ལེན་བྱས་པ་དང་དུས་མཚུངས་ལས15.18%འཕར། གྲོང་ཁྱེར་ཡོངས་ཀྱི་ཚོང་ལས་ཕྱོགས་བསྡུས་གཟུགས་ཀྱིས་ཡུལ་སྐོར་མི་ཐེངས་ཁྲི26.23སྣེ་ལེན་བྱས་པ་དང་དུས་མཚུངས་ལས18.56%འཕར།

ལོ་སར་སྐབས་སུ། ཟི་ལིང་གྲོང་ཁྱེར་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང(ཆུས)བཅས་ཀྱི་ཡུལ་སྐོར་ཐོན་ཁུངས་གཅིག་སྒྲིལ་བྱས་ཏེ་རྣམ་གྲངས18ཀྱི་རིག་གནས་བྱེད་སྒོ136སྤེལ། 2025ལོའི་དཔྱིད་གསར་དུས་ཆེན་གྱི་ལྒང་བཞུ་དང་སྐབས་གཉིས་པའི་ཉིང་གཉིས་ཀྱི་ལྒང་བཞུ་ཚོགས་འདུ། དཔྱིད་གསར་སྐབས་ཀྱི་ལོ་གསར་བསུ་བའི་གློག་བརྙན་བྱེད་སྒོ། ཞིན་ཧྭ་ལེན་བྱིས་པའི་སྤྲོ་སྐྱིད་གླིང་གི་རྒྱ་འཆམ་འཁྲབ་སྟོན། ཙུང་ཅ་འགག་གློག་འོད་འཁྲབ་སྟོན། དཔྱིད་གསར་དུས་ཆེན་རྒྱལ་ཡོངས་གྲོང་གསེབ་གྱི་གྲོང་ཚོའི་དགོང་ཚོགས་དང་སྐབས་བདུན་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་རིམ་པའི་བྱེད་སྒོ་སོགས་རིག་གནས་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་དང་སྤེལ་བར། གཟུགས་མེད་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་གངས་འཁྱགས་མྱོང་རོལ། དམངས་སྲོལ་རྒྱ་འཆམ། ལྒང་བཞུ་སོགས་ཚུད་ཡོད། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་གཞུང20དང་མཛེས་ལྗོངས་ཁུལ་མང་པོར་ཁྱབ་ཡོད་པ་རེད། ཕ་ཡུལ་གྱི་ལོ་སར་ཐད་གཏོང་བྱེད་སྒོའི་བརྙན་ཐུང་དང་གཟུགས་མེད་ཤུལ་བཞག་རིག་གནས་བྱེད་སྒོ། རྒྱལ་ཡོངས་དཔྱིད་གསར་དུས་ཆེན་གྱི་གྲོང་ཚོའི་དགོང་ཚོགས་དང་སྐབས་བདུན་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་རྩལ་བརྩམས་ཆོས་དང་རིག་གནས་ཡུལ་སྐོར་གྱི་དངོས་པོ་སྤུས་ལེགས་ངོ་སྤྲོད་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་འཚོ་བ་དང་གྲོང་གསེབ་དར་སྤེལ་གཏོང་བའི་གྲུབ་འབྲས་མངོན་པ་དང་གཟུགས་མེད་ཤུལ་བཞག་རིག་གནས་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་ཐེངས20སྤེལ། ཕ་ཡུལ་གྱི་ལོ་སར་ཐད་གཏོང་བྱེད་སྒོའི་བརྙན་ཐུང97སྤེལ་བ་དང་། ལྟ་ཐེངས་མི་ཐེངས་ཁྲི119ཟིན། གཟུགས་མེད་ཤུལ་བཞག་དངོས་རྫས་ཕྱིར་འཚོང་སྡོམ་འབོར་སྒོར་ཁྲི2ཟིན་ཡོད་པ་རེད། གཞན་ཡང་ཁང་ལེ་རི་གྲོང་གངས་ཤུད་ར་བ་དང་ཙུང་ཅ་འགག་མཛེས་ལྗོངས་ཁུལ། མཁར་བྱང་གངས་འཁྱགས་འཇིག་རྟེན་ཆེན་མོ། མི་དམངས་སྤྱི་གླིང་། ཀན་ཧོ་གྲོང་འདབས་ཀྱི་གངས་འཁྱགས་འཇིག་རྟེན་ཆེན་པོ་སོགས་གཙོ་གནད་མཛེས་ལྗོངས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གངས་འཁྱགས་རོལ་རྩེད་ཐོན་རྫས་སྣ་ཚོགས་གསར་སྤེལ་བྱས་ནས་དཔྱིད་གསར་དུས་ཆེན་གྱི་ཡུལ་སྐོར་འཛད་སྤྱོད་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།

ཡུལ་སྐོར་ཁོར་ཡུག་བདེ་འཇགས་དང་གོ་རིམ་ལྡན་པ་འགན་སྲུང་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་པAཅན་གྱི་ལྗོངས་ཁུལ་དང་སྐར་རིམ་གསོལ་མགྲོན་ཁང་། སྤྱི་བའི་རིག་གནས་གནས་ཡུལ། རྩེད་མོའི་གནས་ཡུལ་སོགས་གཙོ་གནད་གནས་ཡུལ་གྱི་ལྟ་རྟོག་ཞིབ་བཤེར་བྱེད་ཚད་ཤུགས་ཆེར་བཏང་ནས་ཡུལ་སྐོར་འདྲི་རྩད་དང་བདེ་འཇགས་ལས་རེས་བྱེད་པ་ལེགས་པོར་བསྒྲུབས། ཡུལ་སྐོར་ལྗོངས་རྒྱུ་སྡེ་ཁག་གིས་ཁྱོན་ཁྲིམས་འཛིན་ཞིབ་བཤེར་མི་སྣ341མངགས་ནས་ཡུལ་སྐོར་ལྗོངས་ཁུལ41དང་རིག་གནས་གཉེར་སྐྱོང་གནས་ཡུལ127གྱི་གནད་དོན30གསར་རྙེད་དང་བཅོས་བསྒྱུར་བྱས། སྤྱི་གླིང་ཆེ་གྲས་དང་ཡུལ་སྐོར་ལྗོངས་ཁུལ་གྱི་སྒྲིག་ལམ་ལེགས་པོ་ཡིན་པ་དང་ཡུལ་སྐོར་བདེ་འཇགས་གནད་དོན་དང་ཡུལ་སྐོར་པས་ཞུ་གཏུག་དོན་རྐྱེན་བྱུང་མེད།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།